མའོ་རྫོང་ནས་ཆུ་ལྷའི་དུས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཟླ་5ཚེས་19ཉིན་(ལུགས་རྙིང་ལོའི་ཟླ་4ཚེས་15ཉིན། ) མའོ་རྫོང་ཡ་མདོ་གྲོང་རྡལ་ཏ་ཀྲའེ་སྡེ་བར་“རེ་ཞི་ཧུང་”(ཆུ་ལྷའི་དུས་ཆེན)་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཆུ་ལྷ་ཡིས་ཆའང་རིགས་སྡེ་བར་ཆར་ཆུ་དུས་སུ་འབབ་པ་དང་དུས་བཞིར་བདེ་འཇགས་ཡོང་བའི་སྨོན་འདུན་ཞུས། ཏ་ཀྲའེ་སྡེ་བ་ནི་ཡ་ཏོ་གྲོང་རྡལ་ཁོངས་གཏོགས་ཀྱི་སྡེ་བ་ཞིག་ཡིན་ལ་རི་མཐོའི་སྐེད་དུ་ཆགས་ཡོད།

        རྒྱལ་ཁབ་རིམ་པའི་ཆའང་རིགས་ཀྱི་སྐྱེ་ཁམས་རིག་གནས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་ཆའང་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ་ཉར་ཚགས་བྱས་པ་ཅུང་འཐུས་ཚང་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རྨང་མཐུག་པའི་གནའ་བོའི་སྡེ་བ་ཞིག་ཡིན།“ཆུ་ལྷའི་དུས་སྟོན”ལ་ཆའང་སྐད་ཀྱིས་“རེ་ཞི་ཧུང་”ཞེས་བརྗོད། འདི་ལ་ལོ་རྒྱུས་ཡུན་རིང་ལྡན་པར་མ་ཟད། ཡ་ཏོ་གྲོང་རྡལ་ཏ་ཀྲའེ་སྡེ་བར་དམིགས་བསལ་དུ་ཡོད་པའི་ཆའང་རིགས་ཀྱི་དམངས་སྲོལ་དུས་སྟོན་གྱི་བྱེད་སྒོ་ཞིག་ཀྱང་རེད། 

         ལོ་རེའི་ལུགས་རྙིང་གི་ཟླ་4ཚེས་15ཉིན། སྡེ་བ་ཡོངས་ཀྱི་སྡེ་མི་མཉམ་དུ་འཛོམས་ནས་དུས་ཆེན་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ། སྐྱེ་ཁམས་འགེབས་སྲུང་བྱེད་པ་དང་ཆབས་ཅིག་ཆུ་མགོ་སྲུང་སྐྱོང་བྱ་རྒྱུ་དར་སྤེལ་བཏང་ནས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་ཀྱི་ཤེས་དཔལ་གྱི་འདུ་ཤེས་འཛུགས་རྒྱུ་དར་སྤེལ་བཏང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།