མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་ཕ་སའི་རྐང་ཐང་འགྲན་བསྡུར།

རྩོམ་པ་པོ།   དུས་ཚོད།   2020-05-20   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྗོངས་ཕྱིའི་རྐང་ཐང་འགྲན་བསྡུར་གྱི་ལམ་ཐིག

       2020ལོའི་ཟླ5ཚེས19ཉིན་ནི་རྒྱལ་ཡོངས་ཡུལ་སྐོར་ཉིན་མོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་སྲིད་གཞུང་གི་ཡང་དག་པའི་མཛུབ་སྟོན་དང་བཀོད་སྒྲིག་འོག  ལས་འགོ་བསྐྱར་ཚུགས་ཚུན་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ནས་ཕྱི་རོལ་ཡུལ་གྱི་མཛེས་པར་རོལ་མྱོང་དང་། དམངས་ཡོངས་ཀྱི་བདེ་ཐང་གི་བྱེད་སྒོར་ཞུགས་པར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས“གནས་མང་བ་དང་། ཁ་ཐོར་བ། ཚོད་འཛིན་ཐུབ་པ། བདེ་ཐང་ཡོང་བ”བཅས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཡོངས་ཡུལ་སྐོར་ཉིན་མོ་བསུས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་སུ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་འགོ་ཚུགས་པ་རེད།

  ལམ་བར་གྱི་ལྷ་རིས་སྒྱུ་རྩལ།

       ཟླ5པར་ངལ་རྩོལ་པ་རྣམས་ནས་རེ་བའི་ཞིང་སར་དཀའ་སྤྱད་ཀྱི་རྔུལ་ཆུ་སྔར་ལས་ལྷག་པ་གཏོར་བཞིན་མཆིས། ད་ཆ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“འོས་འཚམ་དང་། བརྟན་པོ། བདེ་འཇགས”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ། རེབ་གོང་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གྲགས་ཅན་གཏོད་རྒྱུ་བཅས་ལ་དམིགས་ཏེ་ཟླ5པའི་ཚེས15ཉིན་མི་ཆིག་སྟོང་ལྷག་གི་རྐང་ཐང་འགྲན་བསྡུར་ཞིག་སྤེལ་ཡོད་པ་རེད།

       མིའི་རིགས་ཀྱིས་མཉམ་དུ་ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་། སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱེད་པའི་ཐེངས་འདིའི་རྐང་ཐང་འགྲན་བསྡུར་གྱི་ལམ་ཐིག་གཙོ་བོ་བཅུ་གཅིག་ཡོད་པ་དང་རེབ་གོང་ཐང་ཆེན་ནས་འགོ་ཚུགས་ཏེ་རིམ་བཞིན་རེབ་གོང་ཐང་གའི་སྒྱུ་རྩལ་ཐང་ཆེན་བར་ལམ་ཐིག་གཙོ་བོ་བཅུ་གཅིག་བརྒྱུད་དགོས་ཀྱི་ཡོད་པ་རེད།

       ད་ཐེངས་ཀྱི་རྐང་ཐང་འགྲན་བསྡུར་ལས་ཡུལ་སྐོར་བ་དང་ཕོ་མོ་དབྱེར་མེད་ངང་ཐང་གའི་སྒྱུ་རྩལ་གྱི་ཕ་སར་བསྐྱོད་པའི་འགྲུལ་བཞུད་མཐོང་ཐུབ་ལ། རིམ་ཁག་སྲིད་གཞུང་གིས་ རེབ་གོང་གི་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བྱ་གཞག་གོང་འཕེལ་སོགས་ལ་མཐོང་ཆེན་བྱེད་པའི་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་ཡང་མཐོང་ཐུབ་བོ། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།