ཟུང་ཆུ་རྫོང་གིས་གློག་གསུམ་གྱི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་5ཚེས་18ཉིན། ཟུང་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། གློག་ཤུགས། གློག་འཕྲིན། སྒུལ་བདེ། འབྲེལ་མཐུད། ལྕགས་སྒྲོམ་སོགས་གློག་གསུམ་ཁེ་ལས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་ཟུང་ཆུའི་གནའ་མཁར་གྱི་བཞི་མདོ་རུ་གློག་གསུམ་གྱི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། མང་ཚོགས་ལ་རང་རྟོགས་ངང་གློག་གསུམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུ་དགོས་པའི་ཁྲིད་སྟོན་བྱས་ནས། མཉམ་དུ་རླུང་འཕྲིན་དང་བརྙན་འཕྲིན། གློག་ཤུགས། འཕྲིན་གཏོང་སོགས་ཀྱི་སྐུད་ཐིག་དང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་བྱས།

བྱེད་སྒོ་སྤེལ་ཡུལ་དུ། ལས་ཁུངས་སོ་སོའི་ལས་དོན་མི་སྣས་སྤྲོ་སེམས་ལྡན་པའི་ངང་ཕར་འགྲོ་ཚུར་འོང་གི་མི་རྣམས་ལ་དྲིལ་བསྒྲགས་དཔྱད་ཡིག་བྱིན་ནས་ཚང་མའི་དྲི་བར་ཞིབ་ཕྲའི་ངང་ལན་བསྐྱོན་པ་རེད།

          གློག་གསུམ་གཞུང་ལས་ཁང་གི་ཁོངས་གཏོགས་ཚན་པས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དེ་བཞིན་མང་ཚོགས་ལ་གློག་གསུམ་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་པ། གློག་གསུམ་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ལ། གློག་གསུམ་གྱི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་དྲིལ་བསྒྲགས་རྣམ་པ་བཏོད་ནས།མང་ཚོགས་གློག་གསུམ་གྱི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་ལས་དོན་ནང་ཞུགས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཡོད།

          བྱེད་སྒོ་སྤེལ་སྐབས། མང་ཚོགས་ལ་རླུང་འཕྲིན་དང་བརྙན་འཕྲིན་སྒྲིག་བཀོད་དང་། གློག་ཤུགས། གློག་འཕྲིན་བཅས་གློག་གསུམ་གྱི་ཤེས་བྱའི་དཔྱད་ཡིག་ཁྱོན་1000ལྷག་དང་། གློག་ཤུགས་སྒྲིག་བཀོད་སྲུང་སྐྱོང་སྲོལ་ཡིག་600ལྷག་སྤྲད་ཡོད། མང་ཚོགས་ཀྱི་བློ་འདྲི་སྐོར་ཐེངས་100ལྷག་དང་ལེན་བྱས་པ་རེད།

           ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཀྱིས་རང་རྟོགས་ངང་གློག་གསུམ་གྱི་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་བདེ་འཇགས་ཀྱི་འདུ་ཤེས་བཙུགས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་གློག་གསུམ་སྒྲིག་བཀོད་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཡོད་ལ། ཁྲིམས་འཛིན་སྡེ་ཁག་གིས་གློག་གསུམ་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཟིལ་ཤུགས་ཆེ་རུ་ནུས་ལྡན་དང་། འབྲེལ་ཡོད་སྡེ་ཚན་གྱི་བདེ་འཇགས་དོགས་ཟོན་གྱི་ནུས་པ་ཆེ་རུ་བཏང་ལ།

རྒྱ་ཆེའི་མང་ཚོགས་ཀྱིས་གློག་གསུམ་གྱི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཚོགས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བཏོད་ཡོད། གློག་གསུམ་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་དེ་རྒྱ་ཆེའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་བྱུང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།