བོད་ཆའང་ཟློས་གར་ལྗོངས་ཁུལ་དུ་བསྐྱོད།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས།དུས་ཚོད།   2020-05-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་5ཚེས་16ཉིན། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་རྣམ་གྲངས་ཁག་བཞི་པ་སྟེ་བོད་ཆའང་ཟློས་གར་སློབ་གྲྭར་དང་ལྗོངས་ཁུལ་དུ་བསྐྱོད་པའི་བྱེད་སྒོ་གཟི་རྩ་སྡེ་དགུའི་ལྗོངས་ཁུལ་དུ་སྤེལ།

        བྱེད་སྒོ་དེ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་སྤེལ་བ་རེད། ཚོགས་ར་གཙོ་བོ་ནི་གཟི་རྩ་སྡེ་དགུའི་ལྗོངས་ཁུལ་དུ་བཙུགས་ཡོད་པ་དང་། ཡན་ལག་ཚོགས་ར་ཁག་སོ་སོར་གསེར་མཚོའི་ལྗོངས་ཁུལ་དང་། རི་བོ་སྐུ་བླའི་མཛེས་ལྗོངས་ཁུལ། ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་བཅས་སུ་ཡོད་པ་རེད། བྱེད་སྒོའི་ཉིན་དེར། ཚོགས་ར་ཁག་གིས་བོད་ཆའང་ཟློས་གར་ལྗོངས་ཁུལ་དུ་བསྐྱོད་པའི་བྱེད་སྒོ་དུས་གཅིག་ཏུ་སྤེལ། 

         གཟི་རྩ་སྡེ་དགུའི་ལྗོངས་ཁུལ་གྱི་ཚོགས་རར་ལྗོངས་རྒྱུ་བ་མང་པོས་བོད་ཆའང་ཟློས་གར་ཤེས་བྱའི་པར་རིས་འགྲེམས་སྟོན་ལ་བལྟས།《ཁྲི་སྲོང་སྡེ་བཙན།》དང་།《རྔོན་པ་དང་སྤྲ།》《འབྲད་པའི་ཉིན་མོ།》སོགས་བོད་ཆའང་ཟློས་གར་གྱི་གསུང་རབ་འཁྲབ་ཚན་དང་། ཞབས་བྲོ། ནན་ཕིང་རོལ་དབྱངས་སོགས་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་ངོ་མཚར་བའི་འཁྲབ་སྟོན་གྱིས་ལྗོངས་སྐོར་བའི་མིག་དབང་རབ་ཏུ་ཕྲོགས། བྱེད་སྒོ་འདིར་ལྗོངས་རྒྱུ་བ་3000ལྷག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་གོ།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།