ཧུང་ཡོན་རྫོང་གི་ལས་ཁུངས་མང་པོས་མཉམ་འབྲེལ་ངང་ཚོང་རའི་གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་བཏང་།

རྩོམ་པ་པོ།    ཚེ་དཔག་ལྷ་མོ།དུས་ཚོད།   2020-05-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཟླ་5ཚེས་18ཉིན། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་།  ཁོངས་གཏོགས་ཁུལ་གྱི་གཉེར་སྐྱོང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་འཕྲོད་བསྟེན་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་བྱེད། ཧུང་ཡོན་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་གྲོང་རྡལ་འཛུགས་སྐྲུན་ཅུས་དང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་མཉམ་འབྲེལ་ཐོག་རྫོང་གྲོང་གིས་འགྲོ་ལམ་བཟུང་བའི་གཉེར་སྐྱོང་འཁོར་རྒྱུག་རང་བཞིན་དང་། སྐབས་བསྟུན་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས། ཐབས་མང་མཉམ་སྤྱོད་ཀྱིས་ལམ་བཟུང་གཉེར་སྐྱོང་བསྐྱར་ལོག་དང་བསྐྱར་ལོག་གི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་བཅོས་སྒྲིག་གི་གྲུབ་འབྲས་འགན་ལེན་བྱས།        

          གཞུང་ལམ་གཉེར་སྐྱོང་གི་སྒྲིག་བཀོད་ཐབས་ཆག་དང་། འཕྲོད་བསྟེན་བཙོག་ཞན། འགྲིམ་འགྲུལ་གོ་རིམ་མེད་པའི་གནས་ཚུལ། གྲོང་ཁྱེར་གྱི་རྣམ་པར་གཏོར་བཤིག་གཏོང་བ་དང་། འགྲིམ་འགྲུལ་བཀག་པ། ཁོར་ཡུག་སྦགས་བཙོག་བཟོ་བ་བཅས་བྱེད་པ་མ་ཟད།  རྫོང་ཡོངས་ཀྱི་རྣམ་པར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཁོངས་གཏོགས་ཁུལ་གྱི་ཚོང་ཟོག་སྣ་མང་དང་། གྱོན་ཆས། ལྕགས་རིགས། བཟའ་བཏུང་སོགས་ཚོང་དུད་ཀྱིས་ལམ་བཟུང་གཉེར་སྐྱོང་བྱས་པའི་བྱ་སྤྱོད་ལ་དམིགས་ནས། ལམ་བཟུང་གཉེར་སྐྱོང་བྱ་སྤྱོད་ཚབས་ཆེ་བའི་རྙིང་ཆེ་དཀའ་གསུམ་གྱི་ཚོང་དུད་ལ་གཅིག་སྡུད་བཅོས་སྒྲིག་བྱས་པ་རེད། བཅོས་སྒྲིག་བྱེད་རིང་རླངས་འཁོར་བཞི་གནས་སྐབས་བཀག་ཉར་བྱས་ནས་འཁོར་གསུམ་རྐང་འཁོར་ཚད་ལྡན་ངང་མི་འཇོག་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་78ཚད་ལྡན་ཡོང་བར་སློབ་གསོ་དང་། སྐོར་སྐྱོད་ཚོང་པ་5ལ་ཁ་ཏ་བྱས་པ་དང་འབྲེལ་གཉེར་སྐྱོང་བྱ་ཆོག་པའི་ས་གནས་གསལ་སྟོན་བྱས་ཡོད།

         མཉམ་འབྲེལ་ངང་བཅོས་སྒྲིག་བྱས་པ་བརྒྱུད། རྫོང་མཁར་གྱི་ཁོར་ཡུག་གོ་རིམ་ལྡན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་མཚུངས། ལག་ཁྱེར་མེད་པའི་ཚོང་རྒྱག་མཁན་ལ་ཁྲོམ་བཀྱག་མང་བའི་ས་ཆ་དང་མི་ཚོགས་མང་བའི་ས་ཁུལ་དུ་སྐོར་ཞིབ་བྱས་ནས་ལག་ཁྱེར་མེད་པའི་ཚོང་རྒྱག་མཁན་གྱིས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་བྱ་སྤྱོད་ལ་རྡུང་རྡེག་བཏང་ལ། དུས་ཐོག་ཏུ་ཤེས་རྟོགས་དང་དུས་ཐོག་ཏུ་བཅོས་སྐྱོང་བྱ་དགོས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།