གསེར་མཚོ་ལྗོངས་ཁུལ་གྱི་ཨ་ལེགས་དཔེ་ཁང་དངོས་སུ་སྒོ་ཕྱེས་པ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-05-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ཆར། ཨ་ལེགས་དཔེ་ཁང་རྔ་བ་ཁུལ་དཔེ་མཛོད་ཁང་ཟུང་ཆུ་རྫོང་གསེར་མཚོ་མཛེས་ལྗོངས་ཁུལ་ཡན་ལག་ཁང་གསེར་མཚོ་མཛེས་ལྗོངས་ཁུལ་དུ་བསྐྲུན་པ་དང་འབྲེལ་ཕྱི་ཕྱོགས་སུ་དངོས་སུ་སྒོ་ཕྱེས་ཡོད། གསེར་མཚོ་མཛེས་ལྗོངས་ཁུལ་གྱི་ཨ་ལེགས་དཔེ་ཁང་གི་དཔེ་དེབ་ཡོང་ཁུངས་གཙོ་བོ་རྔ་བ་ཁུལ་དཔེ་མཛོད་ཁང་ཡིན་ཞིང་། 《རྡུལ་འཚུབ་དྭངས་སོང》དང་། 《རི་སྟོང》སོགས་ཨ་ལེགས་རྩོམ་རིག་བརྩམས་ཆོས་དང་རྔ་བ་ཁུལ་གྱི་ཕུལ་བྱུང་རྩོམ་པ་པོའི་བརྩམས་ཆོས་དང་དེ་བཞིན་རྔ་བ་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་དཔེ་དེབ་1357བསྡུས་ཡོད་པ་རེད། དུས་མཚུངས་སུ། དཔེ་ཁང་ནང་དུ་ད་དུང་ས་གནས་ཀྱི་ཁྱད་ལྡན་སིལ་ཟས་དང་། འཚིག་ཇ། ཇ་རིགས། རིག་གནས་ལྗོངས་སྐོར་ཐོན་རྫས་སོགས་མཁོ་འདོན་བྱེད་ཀྱི་ཡོད། ལྗོངས་སྐོར་བས་མཛེས་ལྗོངས་མྱོང་རོལ་བྱས་རྗེས། ཨ་ལེགས་དཔེ་ཁང་དུ་ངལ་གསོ་དང་ལྟ་ཀློག་བྱེད་པར་བསྐྱོད་ནས་དཔེ་དེབ་ནང་རྔ་བ་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཉམས་སུ་མྱོང་ཐུབ་ཀྱི་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།