མཛོད་དགེའི་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས་པ།

རྩོམ་པ་པོ།   དུས་ཚོད།   2020-05-19   རྩོམ་ཁུངས།    རྔ་བའི་གར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་བསོད་ནམས་སྐྱིད།)  དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་སྒོ་ཡུན་རིང་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་དང་། མཛོད་དགེ་རྫོང་ཡོངས་སུ་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་བཟང་བོ་ཆགས་པར་བྱ་ཆེད། ཉེ་བར།  མཛོད་དགེ་རྫོང་གིས་2020ལོའི་དཔེ་ཀློག་གི་ཁོར་ཡུག་མཚར་བའི་མཛོད་དགེ དམངས་ཡོངས་དཔེ་ཀློག་ལ་དགའ་བའི་བྱེད་སྒོ་སྟེ་པར་གཞི་དག་མའི་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོ་བསྡུས་ཤིང་། མགོ་ཚུགས་མཛད་སྒོའི་སྟེང་། མཛོད་དགེ་རྫོང་ཨུ་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རིམ་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱེད་དགོས་པའི་རེ་བ་བཏོན་ལ། ཁྱད་ཆོས་མངོན་གསལ་དོད་པ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལྟ་ཀློག་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་ནང་ཞུགས་ཏེ་བསམ་ཕྱོགས་གསར་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་བརྟེན་ནས་རྫོང་ཁོངས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སྣ་ཚོགས་སེལ་བར་བྱེད་དགོས།

           མགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས། སྟག་ཚ་དགོན་སློབ་ཆུང་གི་སློབ་མ་ཚོ་རྫོང་དཔེ་མཛོད་ཁང་དུ་ཡོང་ནས་དཔེ་ཀློག་གི་སྤྲོ་སྣང་མཉམ་དུ་ཚོར་བྱུང་།

          ད་ཐེངས་ཀྱི་བྱེད་སྒོ་དེ་མཛོད་དགེ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་གཉེར་བྱས་པ་དང་མཛོད་དགེ་རྫོང་སློབ་གསོ་ཅུས་དང་ མཛོད་དགེ་རྫོང་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་སོགས་ལས་ཁུངས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་དཔེ་ཀློག་གི་སྤྲོ་སེམས་སྔར་བས་འཕེལ་བ་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་རིག་གནས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་དམངས་ཡོངས་ཀྱི་དཔེ་ཀློག་རིག་གནས་ཀྱི་རྣམ་པ་བཟང་བོ་ཆགས་པ་བྱ་རྒྱུ་དེ་རེད།

འཕྲིན་ཡོང་ཁུངས། མཛོད་དགེའི་འཕྲིན་སྟེགས།