ཨ་རིའི་བྱ་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་འདི་ལྟར་བརྗོད་འདུག

རྩོམ་པ་པོ།   དུས་ཚོད།   2020-05-19   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

            གསར་འགོད་པ་ཞིག་གིས། ཨ་རིའི་ཚོང་དོན་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ5ཚེས15ཉིན། ཧྭ་ཝེ་སྤྱི་གཉེར་ཁང་ལ་དམིགས་ནས་ཕྱིར་གཏོང་དོ་དམ་གྱི་སྒྲིག་སྲོལ་གསར་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

         ལན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཧྭ་ཝུའེ་སྤྱི་གཉེར་ཁང་ལ་དམིགས་པའི་ཕྱིར་གཏོང་དོ་དམ་གྱི་སྒྲིག་སྲོལ་གསར་པར་དོ་སྣང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

         ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྤྱད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཕྱིར་གཏོང་དོ་དམ་སོགས་ཀྱི་བྱ་ཐབས་གང་བྱུང་དུ་སྤྱད་པ་དང་། རྒྱལ་ཁབ་གཞན་གྱི་དམིགས་འཛུགས་ཁེ་ལས་ལ་རྒྱུན་མཐུད་ངང་གནོན་ཤུགས་སྤྲད་པ་དང་བཀག་སྡོམ་བྱེད་པ་ནི། ཚོང་རའི་རྩ་དོན་དང་འགྲན་རྩོད་དྲང་གཞག་ལ་གཏོར་བརླག་བཏང་བ་ཞིག་རེད། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གཞི་རྩའི་སྒྲིག་སྲོལ་ལ་སྣང་ཆུང་བྱས་པ་ཞིག་རེད་ལ། གོ་ལ་ཧྲིལ་པོའི་ཐོན་ལས་མ་ལག་དང་མཁོ་སྤྲོད་མ་ལག་གི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་ཞིག་ཀྱང་རེད། དེས་ཀྲུང་གོའི་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། ཨ་རིའི་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་གཞན་དག་གི་ཁེ་ལས་ཀྱི་ཁེ་ཕན་ལའང་གནོད་འཚེ་བཟོས་ཡོད།

         ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་འཕྲལ་དུ་ནོར་འཁྲུལ་གྱི་བྱེད་སྟངས་མཚམས་འཇོག་བྱས་ཏེ། ཁེ་ལས་ལ་རྒྱུན་ལྡན་གྱི་ཉོ་ཚོང་དང་མཉམ་ལས་བྱེད་པར་ཆ་རྐྱེན་བསྐྲུན་པའི་སྐུལ་མ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།