ཕྱི་རྒྱལ་དག་ཏུ་ནད་ངོ་བཟུང་བའི་ཏོག་གསར་ནད་པ་4163925ལ་སླེབས་ཡོད།

རྩོམ་པ་པོ།   ཚེ་རིང་ལྷ་མོས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-05-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

 འཕྲིན་གསར།

ཕྱི་རྒྱལ་དག་ཏུ་ནད་ངོ་བཟུང་བའི་ཏོག་གསར་གློ་ཚད་ཀྱི་ནད་པ་4163925ལ་སླེབས་ཡོད།

     ཟླ་5ཚེས་14ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསར་དུ་བསྒྲགས་པའི་གཞི་གྲངས་ལས་མངོན་པར། ཀྲུང་གོ་ཕུད་པའི་ཕྱི་རྒྱལ་དག་ཏུ་ནད་ངོ་བཟུང་བའི་ཏོག་གསར་གློ་ཚད་ཀྱི་ནད་པ་4163925ལ་སླེབས་ཡོད།

     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་པ་ལྟར་ན། ཡོབ་གླིང་དབུས་མའི་ཚེས་14ཉིན་གྱི་དུས་ཚོད་10(པེ་ཅིང་དུས་ཚོད། ཚེས་14ཉིན་གྱི་ཕྱི་དྲོའི་དུས་ཚོད་4)པར། ཀྲུང་གོ་ཕུད་པའི་ཕྱི་རྒྱལ་དག་ཏུ་ནད་ངོ་བཟུང་བའི་ཏོག་གསར་གློ་ཚད་ཀྱི་ནད་པ་ཉིན་སྔ་མ་དང་བསྡུར་ན། མི་77959ཇེ་མང་དུ་ཕྱིན་ཡོད་ལ། ད་སྔར་མི་4163959ལ་སླེབས་འདུག ཀྲུང་གོ་ཕུད་པའི་ཕྱི་རྒྱལ་དག་ཏུ་ཚེ་ལས་འདས་པའི་ནད་པ་ཉིན་སྔ་མ་དང་བསྡུར་ན། མི་6647ཇེ་མང་དུ་ཕྱིན་ཡོད་ལ། ད་སྔར་མི་289402ལ་སླེབས་ཡོད།      

    གོ་ལ་ཡོངས་སུ། ནད་ངོ་བཟུང་བའི་ཏོག་གསར་གློ་ཚད་ཀྱི་ནད་པ་ཉིན་སྔ་མ་དང་བསྡུར་ན། མི་77965ཇེ་མང་དུ་ཕྱིན་ཏེ། ད་སྔར་མི་4248389ལ་སླེབས་ཡོད་ལ། ཚེ་ལས་འདས་པའི་ནད་པ་ཉིན་སྔ་མ་དང་བསྡུར་ན། མི་6647ཇེ་མང་དུ་ཕྱིན་ཡོད་ལ། ད་སྔར་མི་294046ལ་བསླེབས་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།