མིག་སྐྱི་ཡང་ཡང་ལྡེམ་པ་ནི་ལྟས་བཟང་ངན་དཔོག་པའི་རྟགས་མཚན་ཡིན་ནམ།

རྩོམ་པ་པོ།   དུས་ཚོད།   2020-05-18   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

          མིག་སྐྱི་ལྡེམ་པ་ནི་གསོ་རིག་སྟེང་མིག་ལྕིབས་འདར་བར་བརྗོད། དབང་རྩའམ་མིག་གི་མཐའ་འཁོར་གྱི་ཤ་གནད་ལ་ཤུགས་རྐྱེན་ཐེབས་ནས་གློ་བུར་དུ་བྱུང་བ་ཞིག་ཡིན། མིག་སྐྱི་ལྡེམ་པའི་རྒྱུ་རྐྱེན་ལ་ངལ་དུབ་ཆེ་བ་དང་བློ་འཚབ་པ། མིག་དབང་རང་སྟེང་གི་ནད་དམ་ཡང་ན་རྒྱུན་ལྡན་མིན་པའི་མིག་དབང་བཀོལ་སྤྱོད། ཕྱི་རྨས་དང་སྤྱི་བོའི་ནད་འགྱུར་སོགས་ཡོད། རྒྱུ་རྐྱེན་འདི་དག་གིས་འགུལ་སྐྱོད་དབང་རྩ་ལ་ཟུག་གཟེར་བསླངས་ཏེ་ཤ་གནད་འཁུམ་དུ་བཅུག་ནས་འདར་བར་བྱེད་པ་ཡིན།

           སྐྱེ་ལུགས་རང་བཞིན་གྱི་མིག་སྐྱི་ལྡེམ་པ་དེ་རྒྱུན་ལྡན་གྱིས་ཅུང་ཡང་། གལ་ཏེ་ངལ་དུབ་ཆེ་དྲགས་པ་ཡིན་ན། ངལ་གསོ་བྱས་རྗེས་ཇེ་བཟང་དུ་འགྲོ་སྲིད། ནད་ལུགས་རང་བཞིན་གྱི་མིག་སྐྱི་ལྡེམ་པ་དེ་ཅུང་རྙོག་འཛིང་ཡིན་པས་རང་བཞིན་གྱིས་དྲག་དཀའ། ཆེད་མཁས་པས་དྲན་སྐུལ་བྱས་དོན། མིག་སྐྱི་ལྡེམ་པ་དང་མཆུ་འགྲམ་འདར་བ་ཚང་མ་གདོང་གི་དབང་རྩའི་ནད་ཀྱི་ཁོངས་སུ་གཏོགས་པ་དང་། ནད་ཐོག་སྨན་བཅོས་བྱེད་སྐབས་རྒྱུན་དུ་ངོ་ཤའི་རྩ་འཁུམ་ལ་ངོས་འཛིན་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།