མཛོད་དགེ་རྫོང་སློབ་གསོ་མ་ལག་གིས་སློབ་གཉེར་རྒྱལ་སྟོབས་ཀྱི་ཤེས་བྱ་འགྲན་བསྡུར་བྱས།

རྩོམ་པ་པོ།   དབང་ཆེན་སྒྲོལ་མ།དུས་ཚོད།   2020-05-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་སློབ་གཉེར་རྒྱལ་སྟོབས་དྲྭ་སྟེགས་ཀྱི་སློབ་གཉེར་བྱེད་ཤུགས་ཆེ་རུ་གཏོང་བའི་དགོས་འདུན་ལག་ལེན་དོན་འཁྱོལ་གཏིང་ཟབ་དང་། སློབ་གསོའི་མ་ལག་གི་ལས་བཟོ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་མུ་མཐུད་དུ་མཐོར་འདེགས་གཏོང་ཞིང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སློབ་སྦྱོང་ལེགས་པོ་བྱེད་པར་སྐུལ་འདེད་བཏང་སྟེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། གཞི་རིམ་གྱི་ཏང་འཛུགས་ལས་ཀའི་གསོན་ཤུགས་དང་ཤུགས་རྐྱེན་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་ཆེད། ཟླ་5བའི་ཚེས14ཉིན་གྱི་སྔ་དྲོར། མཛོད་དགེ་རྫོང་ཡོངས་ཀྱི་སློབ་གསོའི་མ་ལག་གི་སློབ་གཉེར་རྒྱལ་སྟོབས་ཆ་བསགས་ཨང་རིམ་100ཡི་སྔོན་གྱི་དགེ་རྒན་འཐུས་མི་དང་། ཡུག་ཁག་5ཡི་འཐུས་མི་རུ་ཁག་མཛོད་དགེ་རྫོང་སློབ་གསོ་ཅུས་སུ་འཛོམས་ནས། སློབ་གཉེར་རྒྱལ་སྟོབས་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས། 

           ཚོགས་ཐོག་ཏུ། ད་དུང་སློབ་གཉེར་དཔེ་སྟོན་བྱ་དགའ་10དང་། སློབ་གཉེར་སྔོན་ཐོན་བྱ་དགའ་30། སྔོན་ཐོན་རྩ་འཛུགས་བྱ་དགའ་5སོགས་སྟེར་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།