ཤ་བ།

རྩོམ་པ་པོ།   མགོན་པོ་ཚེ་རིང་། དུས་ཚོད།   2020-05-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཤ་བ་ནི་རྔ་མ་ཐུང་ཞིང་ཡན་ལག་ཕྲ་ཞིང་རིང་བ་དང་།  སྤུ་མདོག་སྨུག་པོ་ཁྲ་ཐིག་ཅན།  ཕོའི་མགོ་ལ་རྭ་ལོ་རེ་བཞིན་སྐྱེ།  རྭ་གསར་སྐྱེས་སྙི་ཞིང་ཁྲག་མང་བོ་ཐོག་ན་སྤུ་ཆུང་ཡོད་པ་ལ་བོག་རྭའམ་ཟེར་ཞིང་སྨན་མཆོག་ཅིག་ཡིན།  རྭ་རྒས་ནས་རྭ་སྙིང་མེད་ཅུང་རུས་པ་སྐམ་པོ་ལྟ་བུར་གྱུར་པ་ལ་ཤ་རུ་ཟེར།  དེའང་སྨན་དུ་བྱེད་ཆོག  ཤ་བ་ཕོ་ལ་ཤ་བོ་དང་།  ཤ་བ་མོ་ལ་ཡུ་མོ་ཟེར། ཤ་བའི་ཕྲུ་གུ་ལ་ཤེའུ་ཟེར།  འདིའི་མིང་བསྡུས་ན་ཤ་ཞེས་འབྲི་ཆོག་སྟེ།  ཤ་རྭ་ཞེས་པ་ལྟ་བུའོ།།




རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།