ནེའུ་ཙི་ལན་གྱིས་ཏོག་གསར་གློ་ཚད་ཀྱི་རིམ་པ་སླར་ཡང་དམའ་རུ་བཏང་ཡོད།

རྩོམ་པ་པོ།   འོད་གསལ་མཚོས་སྒྱུར་སྒྲིག་བྱས།དུས་ཚོད།   2020-05-15   རྩོམ་ཁུངས།       ཞིན་ཧྭ་གསར་འགྱུར་ཁང་།

           ཞིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལིང་ཐོན་ནས་ཟླ་5ཚེས་11ཉིན་སྤེལ་བའི་གློག་འཕྲིན་ལྟར་ན། ཚེས་11ཉིན་ནེའུ་ཙི་ལན་གྱི་ཙུང་ལི་ཅེ་ཤིན་ཏ·ཨ་ཏེ་ཨེན་གྱིས་ནང་བློན་ཁང་གི་རྒྱས་འཛོམས་ཚོགས་འདུ་ལས་གྲོས་བསྡུར་བྱས་པ་བརྒྱུད། ཟླ་5ཚེས་14ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་བཟུང་ནེའུ་ཙི་ལན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁོ་བསྟུན་ཇུས་གཞིའི་རིམ་པ་དེ་རིམ་པ་གསུམ་པ་ནས་རིམ་པ་གཉིས་པར་དམའ་རུ་གཏོང་བའི་གཏན་འབེབས་བྱས།

           གཏན་འབེབས་གསར་ཤོས་ལྟར་ན། མི་དང་མིའི་བར་གྱི་འབྲེལ་འདྲིས་བར་ཐག་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ནེའུ་ཙི་ལན་གྱི་སིལ་ཚོང་དང་། བཟའ་བཏུང་། གློག་བརྙན་ཁང་། སྤྱི་སྤྱོད་སྒྲིག་བཀོད་བཅས་ཚེས་14ཉིན་ནས་ལས་གཉེར་བྱེད་ཆོག་པ་དང་། སློབ་ཆུང་དང་སློབ་འབྲིང་ཚེས་18ཉིན་སློབ་གྲྭར་ཕྱིར་ལོག་ནས་སློབ་ཁྲིད་སླར་གསོ་བྱ་རྒྱུ་དང་། མགྲོན་ཁང་དང་རྒྱལ་ནང་གི་ལྗོངས་སྐོར་ཚེས་21ཉིན་ནས་བཟུང་ཕྱོགས་ཡོངས་ནས་བསྐྱར་དུ་སྒོ་འབྱེད་རྒྱུ་རེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།