གཟི་རྩ་སྡེ་དགུ་རྫོང་རྫ་བ་གྲོང་སྡེས་གྲོང་གསེབ་ཀྱི་ལྗོངས་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་།

རྩོམ་པ་པོ།   དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དམངས་སྲོལ་མགྲོན་ཁང་གཉེར་མཁན་གྱི་གྲོང་མི་པན་ཝུན་ཧྲེང་གིས་ཁང་ཀླད་དུ་རི་གྲོང་ནས་བཏོག་པའི་རི་སྐྱེས་སྔོ་ཚལ་སྐེམ་བཞིན་ཡོད།

སྒྱུར་བཀོད་བྱས་རྗེས་ཀྱི་གྲོང་སྡེའི་རྣམ་པ།

        2019ལོ་ནས་བཟུང་། གཟི་རྩ་སྡེ་དགུ་རྫོང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་རྣམ་གྲངས་བསྡུ་སྒྲིལ་བྱས་པའི་མ་དངུལ་སྒོར་ཁྲི་772 ཝུའུ་ཅའོ་ཡུལ་ཚོ་རྫ་བ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གི་ཕྱིའི་རྣམ་པ་སྒྱུར་བཀོད་དང་། གྲོང་ཚོའི་བགྲོད་ལམ་སྒྱུར་བཀོད། རླངས་འཁོར་འཇོག་ས་འཛུགས་སྐྲུན་བཅས་དང་དེ་མིན་མདོང་དྲྭ་ཁག་གཅིག་དང་། གློག་དྲྭ། མེ་ཟོན་སྒྲིག་བཀོད་སོགས་ཉམས་གསོ་རིམ་སྤོར་ཐད་སྤྱད་པ་རེད།

       ལམ་ཇེ་བཟང་དང་གྲོང་སྡེ་ཇེ་མཛེས་སུ་གྱུར་ལ། དམངས་རྣམས་ཇེ་ཕྱུག་ཏུ་གྱུར། སྔོན་དུས་ཀྱི་མིག་ལ་མི་མཛེས་པའི་ཞིང་ཁྱིམ་གྲུ་བཞི་དྭགས་པོའི་ཁྱད་ཆོས་ཀྱིས་རབ་ཏུ་ཕྱུག་པའི་དམངས་སྲོལ་མགྲོན་ཁང་དང་སྤྲོ་སྐྱིད་གླིང་དུ་གྱུར་ཡོད། དེ་དང་ཆབས་ཅིག ཝུའུ་ཅའོ་གྲོང་རྡལ་གྱི་དོམ་ཁྲ་གླིང་དང་རྫ་བ་མཚོ་མཛེས་ལྗོངས་ཁུལ་བསྐྲུན་ཟིན་པ་དང་བསྟུན་ནས་གྲོང་སྡེར་ལྗོངས་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔར། རྫ་བ་གྲོང་སྡེར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་5(དེའི་ནང་སྐྲུན་བཞིན་པའི་ཁྱིམ་ཚང་1ཡོད་པ)དང་། དམངས་སྲོལ་མགྲོན་ཁང་3ཡོད་ལ། 2019ལོར་གྲོང་སྡེ་ཡོངས་ཀྱིས་ཁྱོན་ལྗོངས་སྐོར་བ་1000ལྷག་ལ་སྣེ་ལེན་བྱས་ནས་ཡོང་འབབ་སྒོར་ཁྲི་10ལྷག་འཕར་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།