ལོ་ན་བདུན་སོན་པའི་བྱིས་པས་དངུལ་གྱི་གསོལ་རས་བླང་ཆོག་གམ།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར་སྒྲིག་བྱས། དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

【གྱོད་དཔེ།】

         ཨ་ཅེ་ལབ་སྒྲོན་གྱིས་ཁ་གསོ་བྱེད་པའི་ལུ་གུ་སྐེ་ཁྲ་མ་གར་སོང་ཆ་མེད་དུ་གྱུར། ལུ་གུ་སྐེ་ཁྲ་མ་སུས་རྙེད་ཚེ་གཏང་རག་ཏུ་དངུལ་གྱི་གསོལ་རས་སྟོང་ཕྲག་བྱིན་པར་ཡིག་ངག་གཉིས་ཀྱི་ལམ་ནས་སྐད་བཏང་། ལོ་ན་བདུན་སོན་པའི་བྱིས་པ་མིག་དམར་དགའ་སློབ་གྲྭ་གྲོལ་ནས་ཕྱིར་རང་ཡུལ་དུ་འགྲོ་བའི་ལམ་བར་ནས་ལུ་གུ་སྐེ་ཁྲ་མ་དང་འཕྲད། དེ་ནས་མིག་དམར་དགས་ལུ་གུ་སྐེ་ཁྲ་མ་ཨ་ཅེ་ལབ་སྒྲོན་གྱི་ཁྱིམ་དུ་བསྐྱལ། ཨ་ཅེ་ལབ་སྒྲོན་གྱིས་མིག་དམར་དགའ་བྱིས་པ་ཆུང་ཆུང་ཞིག་རེད་སྙམ་ནས།  དམངས་དོན་བྱ་སྤྱོད་ཀྱི་བྱེད་ནུས་དང་དངུལ་གྱི་གསོལ་རས་ལེན་པའི་ཐོབ་ཐང་མེད་པར་འདོད་དེ་སྐར་གང་ཡང་མ་བྱིན། དེས་ན། ལོ་ན་བདུན་སོན་པའི་བྱིས་པ་མིག་དམར་དགའ་ལ་དངུལ་གྱི་གསོལ་རས་ལེན་པའི་ཐོབ་ཐང་མེད་པ་ཡིན་ནམ། 

【བཅའ་ཁྲིམས་དབྱེ་ཞིབ།】

          བུ་ཆུང་མིག་དམར་དགའ་ལ་དངུལ་གྱི་གསོལ་རས་ལེན་པའི་ཐོབ་ཐང་ཡོད། རང་རྒྱལ་གྱི་རྩ་ཁྲིམས་སུ་བྱ་སྤྱོད་ཀྱི་བྱེད་ནུས་མེད་པའི་མི་ཡིས་རྩ་ཁྲིམས་ཀྱི་བྱེད་ནུས་དངོས་སུ་ལག་ཏུ་བསྟར་མི་ཆོག་མོད། འོན་ཀྱང་། བྱ་སྤྱོད་ཀྱི་བྱེད་ནུས་མེད་པའི་མི་དང་དམངས་དོན་བྱེད་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིས་དངུལ་གྱི་གསོལ་རས་དང་། འབུལ་བ། གླ་ཆ་བཅས་བླང་ཆོག་པ་བཀས་བཅད་ཡོད། 

【བཅའ་ཁྲིམས་ཀྱི་ཤེས་བྱ།】

        《དམངས་ཁྲིམས་ཀུན་ཁྱབ》ཀྱི་ལེའུ་དྲུག་པར།  བྱ་སྤྱོད་ཀྱི་བྱེད་ནུས་མེད་པའི་མི་དང་དམངས་དོན་བྱེད་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིས་དངུལ་གྱི་གསོལ་རས་དང་། འབུལ་བ།   གླ་ཆ་བཅས་བླང་ཆོག་པ་བཀས་བཅད་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།