【བརྙན།】དབྱར་རྩྭ་དགུན་འབུ་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་འབྲེལ་བ།

རྩོམ་པ་པོ།   དུས་ཚོད།   2020-05-13   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

         

        དེང་དུས་སུ་དབྱར་རྩྭ་དགུན་འབུ་དེ་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་སྟེང་བྲིན་ཆེ་བར་ཕྱིན་པ་དང་བསྟུན་ནས། ཡུལ་མང་པོ་ཞིག་གི་མང་ཚོགས་དང་སྒོས་སུ་སྨན་རྩྭ་འབྱུང་ཡུལ་དུ་འཚོ་བཞིན་པའི་བོད་རིགས་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་འདུག ལོ་རེའི་ཟླ་ལྔ་བ་དང་དྲུག་པར་དབྱར་རྩྭ་བརྐོ་བའི་དུས་ཚིགས་སུ་སླེབས་མ་ཐག ཡུལ་ཕྱོགས་སོ་སོའི་འབུ་རྐོ་མཁན་རྣམས་མེ་ཏོག་གི་ཟེའུ་འབྲུ་ལེན་པའི་རྐང་དྲུག་བུང་བ་ཇི་བཞིན་ཟས་གོས་ཀྱི་གྲ་སྒྲིག་ཚགས་དམ་པ་ཞིག་བྱས་ནས་དབྱར་རྩྭ་ཡོད་པའི་ཕྱོགས་སུ་ཆས་འགོ་བརྩམས།

         དབྱར་རྩྭ་དགུན་འབུས་རང་རེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་མཐུན་རྐྱེན་མི་དམན་པ་ཞིག་བསྐྲུན་ཞིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དང་ཁོར་ཡུག་ལ་ཞར་བྱུང་གི་གནོད་པ་ཚབས་ཆེན་པོ་ཞིག་ཐེབས་དང་གཏོང་བཞིན་འདུག་སྟེ།

         དང་པོ། རི་མགོར་དམ་བེ་དང་འགྱིག་ཤོག དུ་སྣེ། གྱོན་ཆས་རྙིང་ཧྲལ་སོགས་གང་སར་གཏོར་བས། དབྱར་རྩྭ་བརྐོས་པའི་རྗེས་སུ་སྔོ་ལྗང་གི་རྩྭ་ཐང་དེར་གད་སྙིགས་སྣ་ཚོགས་ཀྱིས་ཁེངས་འདུག་པ། འདི་ནི་ཁོར་ཡུག་སྦགས་བཙོག་གི་འབྱུང་ཁུངས་གཙོ་བོའི་གྲས་ཤིག་རེད། དེ་བས། འབུ་རྐོ་བ་རྣམས་ཀྱིས་འཚོ་བའི་གད་རྙིགས་གང་ས་གང་དུ་མ་གཡུག་རོགས་ཞེས་ཞུ་རྒྱུ་ཡིན། གཉིས་པ། དབྱར་རྩྭ་བརྐོས་ཤུལ་གྱི་དོང་ཁ་མ་བསུམ་པར་རི་ངོས་ཡོངས་ཕྱིར་བསློགས་ནས་རྩྭ་ས་ཇེ་ཞན་དང་བྱེ་འགྱུར་གྱི་ཚབས་ཇེ་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད། དེ་བས་དབྱར་རྩྭ་བརྐོས་ཤུལ་གྱི་དོང་ཁ་དེ་ཡིན་གཅིག་མིན་གཅིག་བསུམ་དགོས། ཕ་ས་ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་མི་ཚང་མའི་ཕྲག་ཐོག་ལ་བབས་པའི་འོས་འགན་ཞིག་ཡིན།   

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།