ཝུན་ཁྲོན་ཡུས་ཙི་ཞི་རུ་རྩྭ་པད་མ་མེ་ཏོག་ལྷུག་པོར་གྲོལ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-05-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དྲི་བསུང་འཐུལ་བའི་མེ་ཏོག་གིས་ལྗོངས་སྐོར་བའི་མིག་དབང་རབ་ཏུ་འཕྲོག་སྟེ་པར་ལེན་ལ་བྲེལ་འདུག

ཡུས་ཙི་ཞི་གྲོང་སྡེའི་མུའུ་བརྒྱ་ཡི་རྩྭ་པད་མ་མེ་ཏོག

       དཔྱིད་དཔལ་བུ་མོ་འཛུམ་ཞལ་དགྱེས། རྩྭ་པད་མ་མེ་ཏོག་ལྷུག་པོར་གྲོལ། ཉིན་ཤས་རིང་། ནམ་ཟླ་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཝུན་ཁྲོན་རྫོང་ཡིང་ཤིའུ་གྲོང་རྡལ་ཡུས་ཙི་ཞི་གྲོང་ཚོའི་མུའུ་བརྒྱ་ཡི་རྩྭ་པད་མ་མེ་ཏོག་རབ་ཏུ་བཞད་པ་དང་གང་སར་ཁྱབ་པའི་དྲི་བསུང་གིས་ལྗོངས་སྐོར་བ་ལྟད་མོར་ཕེབས་པར་བཀུག ཡུལ་དངོས་སུ་མི་རྣམས་ཀྱིས་མེ་ཏོག་གི་རྒྱ་མཚོ་དེ་རྒྱབ་ལྗོངས་ལ་བཅོལ་ནས་པར་ལེན་པར་བྲེལ་བྱུང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།