ཕོར་བ་འདི་རིགས་ཀྱི་བདེ་ཐང་དང་བདེ་འཇགས་སྟོན་གྲངས་0ཡིན།

རྩོམ་པ་པོ།   དུས་ཚོད།   2020-05-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

 བཏུང་བྱ་རིགས་སྣ་ཚོགས་འཐུང་སྐབས་དེ་བསྟུན་གྱི་ཕོར་བ་ཇི་ལྟར་གདམ་དགོས་སམ།

སྐྱུར་གཤིས་ཅན་གྱི་བཏུང་བྱ་བཏུང་བར་ཕོར་བ་འདི་གསུམ་མ་སྤྱོད།

གུ་གུ་ཤའི་ཕོར་བ།

     གུ་གུ་ཤའི་ཕོར་བ་ནི་དྲོད་ཚད་ཧྲེ་ཧྲི་ཏུའུ་སྟོང་ཡན་གྱི་དྲོད་ཚད་མཐོ་བ་བརྒྱུད་དེ་བཟོས་པ་དང་། གཏན་འཇགས་ཀྱི་ལྕགས་རིགས་དངོས་པོ་འདུས་ཡོད། གལ་ཏེ་དུས་ཡུན་རིང་པོར་སྐྱུར་གཤིས་བཏུང་བྱ་བླུགས་ན། གུ་གུ་ཤའི་ཕོར་བའི་སྟེང་གི་ལྕགས་རིགས་དངོས་པོ་ཞུ་སླ། 

     དེ་མིན། གུ་གུ་ཤའི་ཕོར་བའི་རྒྱུ་ཆ་དེ་རིགས་ཀྱི་ཕྱི་ངོས་ལ་གཏོར་སྐྱོན་ཕོག་སླ་བ་དང་། རྩི་ལྷུང་བས། གནོད་པ་ཡོད་པའི་ལྕགས་རིགས་དངོས་པོ་ཁ་ཤས་ཐོན་སྲིད།

བཙའ་མི་རྒྱག་པའི་ངར་ལྕགས་ཕོར་བ།

     བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་ཕོར་བ་སྤྱོད་ཤན་ཆེ་བ་དང་། རུལ་བསླད་རང་བཞིན་འགོག་པའི་ནུས་པ་ལྡན། འོན་ཀྱང་བཙའ་མི་རྒྱག་པའི་ངར་ལྕགས་ཕོར་བ་ནི་ལྕགས་རིགས་ཀྱི་བཟོས་རྫས་ཡིན་པ་དང་། དེའི་ནང་དུ་ནིག་དང་། ཁིར། མཱན་སོགས་ལྕགས་རིགས་ལྗིད་གྲས་ཀྱི་དངོས་རྫས་འདུས་ཡོད་པས། གུ་གུ་ཤའི་ཕོར་བ་དང་འདྲ་བར་བཀོལ་སྤྱོད་ལ་དོ་སྣང་མ་བྱས་ན། ཕོར་བའི་ནང་གི་ལྕགས་རིགས་ལྗིད་གྲས་ཀྱི་དངོས་རྫས་ཐོན་ནས་བདེ་ཐང་ལ་གནོད་སྲིད། 

     དེར་བརྟེན། བཙའ་མི་རྒྱག་པའི་ངར་ལྕགས་ཕོར་བའི་ནང་སྐྱུར་གཤིས་བཏུང་བྱ་བླུག་མི་ཆོག་པ་དང་། རྒྱུ་ཆ་དེ་རིགས་ཀྱི་ཕོར་བ་ཡུན་རིང་སྤྱད་ནས་ནང་དུ་ཇ་དང་། ཅང་ཡིའུ། སྐྱུར་ཁུ་སོགས་བླུག་མི་ཆོག

ཚོན་ལྡན་རྫ་ཕོར།

     ཚོན་ལྡན་རྫ་ཕོར་སྟེང་གི་རི་མོ་ནི་ཚོན་རྩི་བྱུགས་ནས་བྱུང་བ་དང་། ནང་ངོས་སུ་ཚོན་རྩི་བྱུགས་ཡོད། སྐྱུར་གཤིས་བཏུང་བྱ་བླུག་སྐབས། ཞ་ཉེ་སོགས་གནོད་པ་ཡོད་པའི་ལྕི་བའི་ལྕགས་རིགས་གཞི་རྒྱུ་བཏུང་བྱའི་ནང་དུ་ཞུ་ཐུབ་པས་བདེ་ཐང་ལ་གནོད་པ་ཡོད། 

ཕོར་བ་རིགས་འདི་2བཀོལ་ཚད་ཉུང་དུ་གཏོང་དགོས། བཀྲུ་དཀའ་ཞིང་འབུ་ཕྲ་མང་།

འགྱིག་ཕོར།

     འགྱིག་ཕོར་བཟོ་བའི་རྒྱུ་ཆ་ནི་སྤོས་འགྱིག་ཡིན་པ་དང་། དེའི་ནང་ཁུལ་གྱི་ཕྲ་མཐོང་གྲུབ་ཚུལ་ལ་བུ་ག་མང་པོ་ཡོད་ཅིང་། དེ་ནི་བཙོག་དངོས་སྦས་སྐུང་བྱེད་སའི་“གནས་བཟང་ཤོས་”ཡིན་པས། གལ་ཏེ་གཙང་མར་བཀྲུ་མ་ཐུབ་ན། འབུ་ཕྲ་སྐྱེ་སླ་བ་ཡིན། 

      ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལ། ཚོང་རའི་སྟེང་འགྱིག་ཕོར་ཁ་ཤས་ཀྱི་ཐོན་སྐྱེད་བདེ་འཇགས་མིན་པ་དང་། སྤུས་ཞན་ཐོན་རྫས་ཀྱི་ཁོངས་སུ་གཏོགས་པས། ཡུན་རིང་བེད་སྤྱོད་བྱས་ན་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ངེས་རེད། 

ཤིང་ཕོར།

     ཤིང་དང་སྨྱུག་མས་བཟོས་པའི་ཕོར་བ་ནི་ཁོར་ཡུག་སྲུང་སྐྱོང་དང་མི་ལུས་ཀྱི་བདེ་ཐང་ལ་གནོད་པ་མེད་མོད། འོན་ཀྱང་གཙང་མར་མ་བཀྲུས་ན་ཧམ་སྤུ་རྒྱག་པ་དང་ནག་པོར་འགྱུར་བ་དང་། ལྷག་པར་དུ་མངར་ཆའི་རིགས་བླུགས་ན་དེ་ལྟར་འགྱུར་སླ། བཀོལ་སྤྱོད་དུས་ཡུན་རིང་བ་དང་ཆུ་ཚ་པོ་བླུགས་པ་ཡིན་ན་ཤིང་ཕོར་གས་པའི་གནས་ཚུལ་འབྱུང་སྲིད། 

     དེར་བརྟེན་ཤིང་ཕོར་སྤྱོད་རྒྱུར་དགའ་བའི་གྲོགས་པོ་ཚོར་མཚོན་ན། བདག་གཅེས་བྱེད་རྒྱུ་ནི་གཙོ་བོ་ཡིན། ཆུ་དང་ཇ་བླུག་པར་འཚམ་ཞིང་། གཙང་འཁྲུད་བྱས་རྗེས་དུས་ཐོག་ཏུ་ཕྱིས་ནས་དུས་བཀག་ལྟར་དུག་སེལ་བྱེད་དགོས།

ཕོར་བ་གང་དུ་ཆུ་ཚ་བླུག་ན་ཆེས་འཚམ་པ་ཡིན།

འོས་སྦྱོར། དྲོད་སྲུང་ཕོར་བ།

ཐེངས་གཅིག་ཅན་གྱི་ཤོག་ཕོར་ཡག་པོ་མེད།

ཆུ་འཐུང་བར་སྤྱོད་པའི་ཕོར་བ་ལེགས་ཤོས་དེ་ཁྱེད་ཚང་ལ་ཡོད་དམ།

ཚོན་རྩི་མེད་པའི་རྫ་ཕོར། བདེ་འཇགས་རང་བཞིན་ཨང་གཉིས་པ་ཡིན།

ཤེལ་ཕོར། ཀུན་གྱིས་ཁས་ལེན་པའི་བདེ་འཇགས་རྒྱུ་ཆ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།