(བརྙན།)ཤིང་གཅོད་སྟ་རེ།

རྩོམ་པ་པོ།   དུས་ཚོད།   2020-05-11   རྩོམ་ཁུངས།    རྔ་བའི་ཁྲིམས་འཛིན་ཅུས།

   

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་དྭངས་གཙང་གི་ཆུ་བོ་དང་ལྗང་མདོག་རི་བོ་ནི་གསེར་དང་དངུལ་གྱི་རི་ལས་ལྷག་ཅེས་གསུང་བ་ནང་བཞིན།  ལྗང་མདོག་གི་ནགས་ཚལ་ནི་རང་བྱུང་ཁམས་ཆེན་པོས་ང་ཚོ་ལ་གནང་བའི་རྩ་ཆེ་བའི་རྒྱུ་ནོར་ཡིན་ཞིང་།སྣོད་བཅུད་ཀྱི་འཇིག་རྟེན་འདིའི་ལྗང་མདོག་གི་ཡོལ་བ་ཡང་ཡིན།

         ནགས་ཚལ་ནི་གོ་ལའི་སྐམ་ས་ཆེན་མོའི་སྟེང་གི་ཆེས་ཆེ་བའི་སྣོད་བཅུད་ཀྱི་མ་ལག་ཡིན་པ་དང་།གོ་ལ་ཧྲིལ་བོའི་སྣོད་བཅུད་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན།དེ་བས་ནགས་ཚལ་གྱི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱ་རྒྱུ་ལས།གང་འདོད་ཀྱིས་ནགས་སྡོང་བཅད་དེ་སྣོད་བཅུད་ལ་གཏོར་བརླག་བཟོ་བའི་བྱ་སྤྱོད་ཡོད་མི་ཆོག་པ་ནི༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་སྐོར་གྱི་བཅའ་ཁྲིམས།༽ཀྱིས་སྤྱི་དམངས་ཡོངས་ལ་གནང་བའི་བླ་མེད་འོས་འགན་ཞིག་ཡིན། ང་ཚོ་སུ་ཡིན་ཡང་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེན་རིང་བཞིན་དེ་ཤེས་སུ་འཇུག་དགོས་པ་རེད། ཆུ་བོ་སྔར་ལས་དྭངས་ཤིང་། རི་བོ་སྔར་ལས་མཛེས་པ།  སྐྱེ་ཁམས་སྔར་ལས་སྙོམས་པར་བྱས་ན།  ད་གཟོད་དཔལ་འབྱོར་ཡུན་རིང་པོར་འཕེལ་རྒྱས་འབྱུང་ཐུབ་པ་རེད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།