ཚེ་སྲོག་གི་འོད་སྣང་བསྐྱར་དུ་སྩོལ་མཁན་དེ་སུ་ཡིན་ནམ།

རྩོམ་པ་པོ།   ནོར་བུ་ཚེ་རིང་གིས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-05-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

   ཉིན་62རིང་ECMOབཀོལ་སྤྱོད་བྱས་རྗེས་གློ་བ་བདེ་ལེགས་ངང་བརྗེ་ཐུབ་པ་བྱུང་།

    ཟླ་5ཚེས་5ཉིན། 

    ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་དུ།

    དམིགས་བསལ་ལོགས་སུ་བཀར་བའི་ནད་ཁྲི་རུ། 

    ལོ་ན་65ལ་སླེབས་པའི་ཏོག་གསར་གློ་ཚད་དུས་མཇུག་གི་ནད་པ་ཚུའེ་ཨན། 

    གློ་བའི་རྩ་སྤོས་གཤགས་བཅོས་དང་ལེན་བྱས་ནས་ཉིན་14འགོར་རྗེས།

    སྨན་པས་ཁོ་ལ་“རྒྱལ་ཁབ་ཀྱིས་སྨན་བཅོས་ཚོགས་པ་བཟང་ཤོས་སྒྲིག་འཛུགས་བྱས་ནས་ཁྱེད་ལ་སྨན་བཅོས་བྱེད་དུས་ཁྱོད་ཀྱིས་ངེས་པར་དུ་དྲག་སྐྱེད་ཡོང་བར་འབད་བརྩོན་བྱེད་དགོས་”ཞེས་བཤད་སྐབས།

    ཚུའེ་ཨན་གྱིས་གོ་བའི་བརྡ་ལ་མགོ་ལྕོག་ལྡེམ་ལྡེམ་བྱས།

    ཁོ་ནི་ཧུའུ་པེ་རུ་ཐག་གཅོད་བྱས་པའི།

    གློ་ཚད་ཉིང་སྐྱུར་སྲིབས་གཤིས་ཀྱི་ནད་པ་ཐོག་མ་ཡིན་ལ།  

    མཐའ་མཇུག་གློ་བའི་སྤོར་འཛུགས་གཤགས་བཅོས་མྱོང་མཁན་ཡང་ཡིན།

    མིག་སྔར་འཛམ་གླིང་དུ་གློ་བའི་སྤོ་འཛུགས་གཤགས་བཅོས་མ་བྱས་གོང་།

    ECMOརྒྱུན་མཐུད་བེད་སྤྱོད་བྱས་པའི་དུས་ཚོད་རིང་ཤོས་ཀྱི་དབང་པོ་སྤོས་འཛུགས་བྱ་ཡུལ་ཡང་ཡིན།

    ཁོ་ལ་གློ་ཚད་གསར་བ་བྱུང་བ་ནས་བཟུང་།

    ཉིན་ཞག་100ལྷག་གི།

    སྨན་དོན་མི་སྣའི་ཚད་མེད་པའི་གསོ་སྐྱོང་ལ་བརྟེན་ནས།  

    ཁོ་ལ་བསྐྱར་དུ་ཚེ་སྲོག་གི་བྱུང་བ་ངོ་མཚར་ཅན་བསྐྲུན།

    ཚུའེ་ཨན་གྱིས་སྨན་དོན་མི་སྣའི་མཛུབ་ཁྲིད་འོག་ཁམས་གསོའི་སྦྱོང་བརྡར་བྱས།

    ཉིན་62རིང་གི་ECMOབཀོལ་དོན་ནི་ཁོའི་ཚེ་སྲོག་ཉེན་ཁའི་གནས་སུ་ལྷུང་བས་ཡིན།

    ཟླ་2ཚེས་7ཉིན་ཚུའེ་ཨན་ལ་ཡང་བསྐྱར་བརྟག་དཔྱད་བྱས།

    ཟླ་2པའི་ཚེས་17ཉིན་ནད་གློ་བུར་ནད་བབ་ཇེ་སྡུག་ཏུ་སོང་བ་དང་མྱུར་དུ་ECMO(སྤྱིར་བཏང་དུ་མིས་བཟོས་གློ་བ་ཟེར)བཀོལ་དེ་སྨན་བཅོས་བྱས།

         ཟླ་3ཚེས་18ཉིན་ཚུའེ་ཨན་ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་ཤར་གླིང་ཧྭ་ཞིས་སྨན་ཁང་གིས་རྩིས་ལེན་བདག་སྤྲོད་བྱས་པའི་ནད་ཁུལ་དུ་སྐྱེལ་སྐབས་ཁོང་གི་གཟུགས་པོ་དང་འབྲེལ་བའི་ECMOའཁོར་སྐྱོད་བྱས་ནས་ཟླ་བ་གཅིག་ལྷག་ཙམ་འགོར་ཡོད། ཟླ་4ཚེས་6ཉིན་ཧྭ་ནུབ་སྨན་བཅོས་རུ་ཁག་ཕྱིར་འཐེན་བྱས་པ་དང་བསྟུན་ནས་ECMOཉིན་50ཙམ་གྱི་ཚུའེ་ཕ་སྨན་ཁང་ཤར་མའི་ICUནད་ཁུལ་དུ་བསྐྱོད། ཤར་ཕྱོགས་སྨན་ཁང་གི་ICUཡི་ཀྲུའུ་རེན་ཀྲོའུ་ཁྲེན་ལེང་དང་CCUཡི་ཀྲུའུ་རེན་ཀྲོའུ་ཞའོ་དབྱང་སོགས་སྨན་བཅོས་ཚོགས་པས་ཁོང་ལ“མི་རེར་ཐབས་ཇུས་རེ”འི་གནད་ཁེལ་སྨན་བཅོས་བྱས་ནས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་བསྐྱབས།

          སྨན་བཅོས་བྱེད་རིང་ཚུའེ་ཨན་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་མང་པོར་སྲིབ་གཤིས་སུ་མངོན་ནས་གློ་ཚད་དྲག་སྐྱེད་བྱུང་བའི་ནད་པ་གསར་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་གློ་ཚད་གསར་བས་ཁོའི་གློ་བ་ཟུང་ཟློག་ཐབས་མེད་པའི་གློ་བའི་ཚི་སྣ་ཅན་དུ་གྱུར་བ་དང་དབུགས་རྔུབ་ལེན་གྱི་ནུས་པ་ཉམས་པས། དབུགས་རྔུབ་ལེན་འཕྲུལ་ཆས་དང་ECMOཡི་རམ་འདེགས་མེད་ན་ཐར་མི་ཐུབ་པས། ཚེ་སྲོག་ལ་ཉེན་ཁ་སྔར་བཞིན་གནས།“གང་འཆོས་པ་དེ་བཅོས་པའི”རྩ་དོན་གཞིར་བཟུང་། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་སྨན་བཅོས་སྲོག་སྐྱོབ་ཚོགས་ཆུང་གིས་ཚུའེ་ཨན་ཚུད་པའི་ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་སྨན་བཅོས་སྐྱོབ་བཅོས་ཚོགས་ཆུང་གི་གློ་བའི་སྤོ་འཛུགས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ནས་ཚུའེ་ཨན་གྱི་ནད་གཞིར་ཕྱོགས་བསྡུས་ཚོད་སྐོར་བྱས་པ་དང་འབྲེལ་དེར་གློ་བའི་སྤོ་འཛུགས་བྱ་རྒྱུར་བསམ་བློ་བཏང་། 

སྨན་པ་དང་སྤྱི་ཚོགས་ཐུན་མོང་གིས་འབད་བརྩོན་བྱས་ནས་ཚེ་སྲོག་གི་རྗེས་ཤུལ་ངོ་མཚར་ཅན་བཏོད།

        ཟླ་4ཚེས་20ཉིན་ཡུན་ནན་ནས་གཅེས་སེམས་ཞལ་འདེབས་སུ་ཕུལ་བའི་གློ་ཁུངས་ཚུའེ་ཨན་དང་འཕྲོད་གྲུབ་བྱུང་། ཉིན་དེའི་ཕྱི་དྲོར། སྙིང་སྙིང་དང་གློ་བའི་འབྱུང་ཁུངས་དེ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི“དབང་པོ་བརྒྱུད་འདྲེན་ལྗང་མདོག་བགྲོད་ལམ”བརྒྱུད་ཝུའུ་ཧན་ཐན་ཧོ་གནམ་ཐང་དུ་བསྐྱལ་བ་དང་ཝུའུ་ཧན་འགྲིམ་འགྲུལ་ཉེན་རྟོག་པས་སྲུང་སྐྱེལ་འོག་སྐར་མ་40ཙམ་སྤྱད་དེ་ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་ཤར་གླིང་དུ་འབྱོར།

        ཟླ་4ཚེས་20ཉིན་གྱི་ཆུ་ཚོད་17དང་སྐར་མ་43རུ་གློ་ཁུངས་སྨན་ཁང་ཤར་མའི་ལྡོག་གནོན་གཤགས་བཅོས་ཁང་དུ་སྐྱེལ་དགོས། རིགས་གཅིག་མཁས་ཅན་གྱིས་ཆུ་ཚོད་6ལྷག་ཙམ་བརྒྱུད་གློ་བ་གཉིས་ཀྱི་སྤོ་འཛུགས་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། གློ་བ་སྤོ་འཛུགས་ནི་གློ་ཚད་ཀྱི་རྒྱུན་གཏན་གྱི་སྨན་བཅོས་བྱེད་ཐབས་ཤིག་མིན་མོད། འོན་ཀྱང་གློ་བའི་སྤོ་འཛུགས་ནི་མིག་སྔར་ནད་ཐོག་སྨན་བཅོས་ཀྱི་དུས་མཇུག་གི་གློ་བའི་ནད་འགྱུར་གྱི་ནུས་ལྡན་བྱེད་ཐབས་འབའ་ཞིག་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“མི་དམངས་ལྟེ་བར་བྱེད་པ”དང་། “ཚེ་སྲོག་བླ་ན་མེད་པ་བྱེད་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཐབས་ནུས་མཐའ་དག་སྤྱད་དེ་ཚེ་སྲོག་བསྐྱབས། 

འདི་ནི་རྒྱལ་ཁབ་ཅིག་གིས་ཚེ་སྲོག་གཅིག་ལ་བཅངས་པའི་བརྩེ་བ་དང་ཚེ་སྲོག་གཞན་ཞིག་ལ་བཅངས་པའི་མངགས་བཅོལ་ཡིན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།