སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཆུ་ཆེན་རྫོང་དུ་བཙུགས།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-05-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ཆར།ཞིང་ཆེན་ལུས་རྩལ་ཅུས་དང་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུས་རང་ཁུལ་གྱི་ཆུ་ཆེན་རྫོང་དུ་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མུ་ཏིག་ལྒང་ལི་རྣམ་གྲངས་སྦྱོང་བརྡར་རྟེན་གཞི་འཛུགས་རྒྱུའི་མཆན་འགོད་བཀའ་ལན་གནང་བ་དང་།དེ་ནི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་སྦྱོང་བརྡར་རྟེན་གཞི་རང་ཁུལ་དུ་ཐོག་མར་བཙུགས་པ་རེད།

          ངོ་སྤྲད་པ་ལྟར་ན།རྔ་བའི་མུ་ཏིག་ལྒང་ལི་རུ་ཁག་ལ་རྒྱལ་ཡོངས་རིམ་པའི་བྱ་དགའ་ཐེངས་མང་བོར་ཐོབ་ཡོད་པ་དང་།སྐབས་དགུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་དང་སྐབས་བཅུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་མུ་ཏིག་ལྒང་ལི་ཨང་དང་བོ་ཐོབ་པ་དང་།སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཁྲོད་སྐྱེས་པའི་མུ་ཏིག་ལྒང་ལི་ཨང་དང་བོ་ཐོབ།སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་དང་།སྐབས་བཅུ་དྲུག་པ།སྐབས་བཅུ་བདུན་པ།སྐབས་བཅོ་བརྒྱད་པ་བཅས་ཀྱི་ནང་མུ་ཏིག་ལྒང་ལི་རྣམ་གྲངས་ཚང་མར་ཨང་དང་པོ་བླངས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།