འཛམ་ཐང་གིས་མཐོ་སྒང་གི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་མགོ་བརྩམས།

རྩོམ་པ་པོ།   དུས་ཚོད།   2020-05-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཉེ་ཆར། འཛམ་ཐང་རྫོང་གིས་2019ལོའི་སི་ཁྲོན་ནུབ་ཕྱོགས་མཐོ་སྒང་གི་སྐྱེ་ཁམས་ཞན་པའི་ས་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་གྲངས་ལས་མགོ་བརྩམས། འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོ་དང་འཛམ་ཐང་སྟོད་མ་ཡུལ་ཚོ་སོགས་ཡུལ་ཚོ་དང་གྲོང་རྡལ་དུ་སྡོང་མྱུག་སྐྱེལ་འདྲེན་དང་། སྡོང་མྱུག་འཛུགས་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན།

        རྣམ་གྲངས་དེ་མཉམ་ལས་ཁང་དང་ཞིང་དུད་མཉམ་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་ལག་བསྟར་བྱས་ཤིང་། ལས་ཀའི་ཁེ་ཕན་ཡོད་ཚད་རོང་འབྲོག་མང་ཚོགས་ལ་དབང་བར་བྱས། རྣམ་གྲངས་དེ་2019ལོར་ཡར་ཞུ་བྱས་ཤིང་། 2020ལོར་ལག་བསྟར་བྱས། མིག་སྔར། འཛམ་ཐང་རྫོང་གིས་རང་མོས་ངང་ནགས་འཛུགས་ཆེད་ལས་མཉམ་ལས་ཁང་48བཙུགས། རྐ་མདའ་དང་ན་མདའ། རྫོང་མདའ་སོགས་ཡུལ་ཚོ་དང་གྲོང་རྡལ་7དུ་སྡེ་བའི་ནགས་འཛུགས་ཆེད་ལས་མཉམ་ལས་ཁང་25ཡོད་པ་དང་། ལོ་1རིང་འཛུགས་སྐྱུན་དང་ལོ་3ལ་གསོ་སྐྱོང་བྱས་པ་བརྒྱུད་སྤྱི་ཆིང་282.67ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་།རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་2500བཏང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།