སྤྱི་ཐུར་དང་སྒེར་ཐུར་སྤྱད་པའི་ཁྱད་པར་ཆེ་བ་ལ་ཨང་།

རྩོམ་པ་པོ།   དུས་ཚོད།   2020-05-08   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྤྱི་པའི་ཟ་ཐུར་སྤྱོད་མིན་གྱི་གྲོས་འགོ་དེ།

བཟའ་བཏུང་རིག་གནས་ཀྱི་

གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

འོ་ན་དེར་ཡང་སྙིང་དགོས་པ་གང་ཡོད་དམ།


ཉེ་དུས་རིམས་ནད་ཚོད་འཛིན་ཆེད་མཁས11གིས།

སྤྱི་ཐུར་སྤྱད་དང་མ་སྤྱད་ཀྱི་མཇུག་འབྲས་

ལ་ཚོད་ལྟ་གནང་ནས།

ཟས་ལྷག་གི་འབུ་ཕྲར་བསྡུར་བ་བཏང་ཡོད།

སྤྱི་ཐུར་སྤྱད་དང་མ་སྤྱད་ཀྱི་འབུ་ཕྲ་མང་ཉུང་

ཧེ་བག་ཆེ་ཤོས་སྐབས་སུ་ལྡབ250ཙམ་ཟིན་གྱི་ཡོད།

    སྔོན་ལ་ཁྱེད་རང་ལ་སྤྱི་ཐུར་དང་སྒེར་ཐུར་ཟེར་བ་དེ་གང་ཡིན་མིན་འགྲེལ་བཤད་བྱས་ན། སྤྱི་ཐུར་ཞེས་པ་ནི་ཞལ་ལག་མཆོད་སྐབས་ཚལ་སྡེར་ནང་ནས་ཚལ་མི་སོ་སོའི་སྒེར་ཕོར་ནང་བླུག་བྱེད་ཀྱི་ཐུར་མའམ་ཁོག་ཙེར་ཟེར་བ་དང་། ཟས་གྲལ་ཐོག་འཁོད་པའི་མི་རྣམས་ནས་དེར་ཁ་རེག་གི་མེད། སྒེར་ཐུར་ཞེས་པ་ནི་ཟས་གྲལ་ཐོག་འཁོད་པའི་མི་སོ་སོས་རང་ཉིད་ཀྱི་སྒེར་ཕོར་ནང་ནས་ཚལ་སོགས་བླངས་ཏེ་བཟའ་བྱེད་ཀྱི་ཐུར་མའམ་ཁོག་ཙེར་ཟེར། 

    ཉེ་དུས། ཀྲེ་ཅང་ཧང་ཀྲའུ་གྲོང་ཁྱེར་རིམས་ནད་ཚོད་འཛིན་ལྟེ་གནས་བདེ་ཐང་ཉེན་ཁའི་རྒྱུ་རྐྱེན་ལྟ་ཞིབ་ཚད་ལེན་ཁང་དང་ཚོད་ལྟ་ལྟེ་གནས་ཀྱི་ཆེད་མཁས་རྣམས་ཀྱིས་ཆེད་མངགས་ཡུལ་དངོས་སུ་ཚོད་ལྟ་ཐེངས་གཅིག་གནང་སྟེ། སྤྱི་ཐུར་སྤྱད་དང་མ་སྤྱད་ཀྱི་ཟ་མའི་ཁྲོད་ཀྱི་འབུ་ཕྲར་བསྡུར་བ་བཏང་བས། དེའི་མཇུག་འབྲས་ལ་མི་རྣམས་ཧང་སངས་བར་གྱུར་ཡོད།

    ཚོད་ལྟ་གནང་མཁན་ཚོགས་ཆུང་དེ་རིམས་ནད་ཚོད་འཛིན་གནང་མཁན11ལས་གྲུབ་པ་ཞིག་ཡིན་ཞིང་། ཚོད་ལྟ་གནང་ཡུལ་དེ་ཟ་ཁང་ཞིག་ནང་ཡིན་པ་དང་། ཚོད་ལྟ་བྱ་ཡུལ་དེ་ཧོང་ཀྭ་གྲང་ཚལ་དང་། ཚྭ་ཆུ་ཤྭ་སྨི། ཤ་མོ་སྐམ་ཁོག འདམ་མྱུག་བརྔོས་མ། ཚྭ་ཚལ་སྡེར་ཉ་སོགས་ཡིན་པ་རེད།

    ཁོང་ཚོས་ཚལ་ཚང་མ་ཁག་གཉིས་སུ་བགོས་ནས། གཅིག་ལ་སྤྱི་ཐུར་བེད་སྤྱོད་བྱས་པ་དང་། གཞན་དེར་སྒེར་ཐུར་བེད་སྤྱོད་བྱས་པ་མ་ཟད། སྔོན་ནས་མ་དཔེ་ཉར་ཚགས་གནང་བ་རེད།

    ཚན་རིག་རང་བཞིན་ལ་འགན་ལེན་ཐུབ་ཆེད། ཚོད་ལྟའི་ནང་ཞུགས་མཁན་ཚན་རིག་པ11ཚང་མས་ཆེད་ལས་ཀྱི་སྦྱོང་བརྡར་གནང་བ་དང་། སྤྱི་ཐུར་སྤྱད་པའི་ཚལ་དང་མ་སྤྱད་པའི་ཚལ་གཉིས་ཀ་ནས་རེས་མོས་ཀྱིས་མཆོད་པ་བརྒྱུད། མཐའ་མཇུག་ཚལ་རིགས་ཚང་མ་ནས་ལྷག་མ་ཁེ25མ་དཔེར་ཉར་ཡོད། དེ་ནས་འབུ་ཕྲ་གཞན་མ་འགོས་པ་བྱེད་ཆེད། ཆེད་སྤྱོད་ཁུག་མའི་ནང་བླུགས་ནས་སྐར་མ་ 40གྲང་ཉར་བྱས་ཡོད།

    བསྡུ་རུབ་ཟིན་པའི་མ་དཔེ་དག་གྲང་ཉར་བྱ་ཐབས་སྤྱད་པ་བརྒྱུད་ཚོད་ལྟ་ཁང་དུ་དབོར་བ་རེད།

    དུས་ཡུན་ཆུ་ཚོད48རིང་གི་ཚོད་ལྟའི་མཇུག་འབྲས་ལས། ཁག་སོ་སོར་སྤྱི་ཐུར་དང་སྒེར་ཐུར་སྤྱད་པའི་ཚལ་རིགས་གཉིས་ཀྱི་འབུ་ཕྲ་མང་ཉུང་ལ་བསྡུར་བ་གཏོང་སྐབས། སྒེར་ཐུར་སྤྱད་པའི་ཚལ་ཚང་མའི་ནང་ཐོན་པའི་འབུ་ཕྲ་སྤྱི་ཐུར་སྤྱད་པའི་ཚལ་ལས་མང་བ་ཡོད་པ་རེད།

    དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི། འབུ་ཕྲའི་མང་ཉུང་ཧེ་བག་ཆེན་པོ་དེ་འདྲ་ཤོར་བ་དེ་རེད།

    སྒེར་ཐུར་སྤྱད་པའི་ཧོང་ཀྭ་གྲང་ཚལ་ནང་གི་འབུ་ཕྲ་སྤྱི་ཐུར་སྤྱད་པའི་ཧོང་ཀྭ་གྲང་ཚལ་ལས་ལྡབ3ཙམ་གྱིས་ཉུང་བ་ཡོད།

    སྒེར་ཐུར་སྤྱད་པའི་ཤ་མོ་སྐམ་ཁོག་ནང་གི་འབུ་ཕྲ་སྤྱི་ཐུར་སྤྱད་པའི་ཤ་མོ་སྐམ་ཁོག་ལས་ལྡབ17གྱིས་ཉུང་བ་ཡོད།

    སྒེར་ཐུར་སྤྱད་པའི་འདམ་མྱུག་བརྔོས་མའི་ནང་གི་འབུ་ཕྲ་སྤྱི་ཐུར་སྤྱད་པའི་འདམ་མྱུག་བརྔོས་མ་ལས་ལྡབ16གིས་ཉུང་བ་ཡོད།

    སྒེར་ཐུར་སྤྱད་པའི་ཚྭ་ཚལ་སྡེར་ཉའི་ནང་གི་འབུ་ཕྲ་སྤྱི་ཐུར་སྤྱད་པའི་ཚྭ་ཚལ་སྡེར་ཉ་ལས་ལྡབ250ཉུང་བ་ཡོད།

   ཞིབ་དཔྱད་ཚད་ལེན་ཐད་འགན་འཁུར་མཁན་རིགས་གཅིག་མཁས་ཅན་གྱིས། གལ་སྲིད་སྤྱི་ཐུར་བེད་སྤྱོད་མ་བཏང་ཚེ། གཅིག་ནས་རང་ངོས་ཀྱི་ཁ་སྦུག་ནང་གི་འབུ་ཕྲ་ཟ་ཐུར་བརྒྱུད་ཚལ་སྟེང་དུ་ལྷུངས་བ་དང་། ཕྱོགས་གཞན་ཞིག་ནས། ཚལ་རིགས་མི་འདྲ་བའི་བར་འབུ་ཕྲ་འགོ་རེས་བྱེད་ཀྱི་ཡོད་པ་བསྟན་ཡོད།

    དེ་ཡང་དཔེར་ན། ཧོང་ཀྭ་གྲང་ཚལ་ཟ་སྐབས་བེད་སྤྱོད་བྱས་པའི་ཟ་ཐུར་དེ་ཚྭ་ཆུ་ཤྭ་སྨི་ཟ་སྐབས་ཡང་བསྐྱར་བེད་སྤྱོད་བྱས་ཚེ། ཚལ་གཉིས་པོའི་བར་འབུ་ཕྲ་འགོ་རེས་བྱེད་ཀྱི་ཡོད།

    གྲང་ཚལ་མང་ཆེ་བ་ནི་བཙོས་པ་ཞིག་མིན་པས། དེའི་ནང་གི་འབུ་ཕྲ་ཚལ་བརྔོས་མའམ་བཙོས་མ་ལས་མང་བ་ཡོད། 

ཆེད་མཁས་པས། ཕྱི་ལོགས་སུ་ཁ་ལག་ཟ་སྐབས། སྒེར་ཐུར་འཁྱེར་དགོས་པའི་དྲན་སྐུལ་གནང་གི་ཡོད། 

སྒེར་ཐུར་སྤྱད་ན་དགེ་མཚན་ཆེན་པོ་གཉིས་ཡོད་དེ།

    གཅིག་ནི། གཙང་སྦྲ་དོད་ཅིང་རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ། སྤྱི་ཐུར་བེད་སྤྱོད་བྱས་ན། མི་མང་པོ་མཉམ་དུ་ཟ་མ་ཟ་སྐབས་ཐུར་མའི་རྐྱེན་གྱིས་ཁ་ལག་བཙོག་པ་ཆགས་ཚད་ཉུང་དུ་གཏོང་ཐུབ་ཅིང་། ནད་དུག་ཁ་ནང་དུ་འཛུལ་ཚད་ཉུང་དུ་གཏོང་ཐུབ་ལ། ལྷག་པར་དུ་ཚགས་སྒོ་དུང་འཁྱིལ་ནར་སྲིན་གྱི་རྐྱེན་ལས་བྱུང་བའི་ཕོ་བའི་འགོ་ནད་དང་། མཆིན་ཚད་ཀ་པའི་ནད་དུག་སོགས་བཟའ་རིགས་བརྒྱུད་ནས་འགོས་པའི་ནད་དུག་མཆེད་རྒྱུར་སྔོན་འགོག་ཐུབ། རིམས་ནད་ཐོན་པའི་རིང་། ཕོར་ཆས་གང་བྱུང་མཉམ་སྤྱོད་མི་བྱེད་པ་དེས་ནད་དུག་འགོ་ཁྱབ་འགྲོ་བའི་ཉེན་ཁ་ཆུང་དུ་གང་ཙམ་གཏོང་ཐུབ།

    གཉིས་ནི། འཕྲོ་བརླག་ཉུང་གཏོང་དང་ཡ་རབས་ཟ་འཐུང་བྱ་རྒྱུར་ཕན་ཐོགས་ཡོད། སྤྱི་ཐུར་བེད་སྤྱོད་བྱས་ན་ཚང་མས་ཟ་འཐུང་འོས་འཚམ་བྱེད་པའི་གོམས་གཤིས་འཇགས་ཐུབ། ཕྱི་ལོགས་སུ་ཟ་མ་ཟ་སྐབས་ལྷག་འཕྲོར་ལུས་པ་རྣམས་རང་ཁྱིམ་དུ་འཁྱེར་ཆོག དེས་གྲོན་ཆུང་ཐུབ་པ་དང་ཆབས་ཅིག ད་དུང་མི་རྣམས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་ཐུབ།

    མདོར་ན། ནད་དུག་བཀག་འགོག་གིས་བདེ་ཐང་ལ་འགན་སྲུང་བྱེད་པའམ། ཡང་ན་ཡ་རབས་ཀྱི་བཟའ་བཏུང་དར་སྲོལ་དར་སྤེལ་གཏོང་བ་གང་ཡིན་ཡང་། སྤྱི་ཐུར་བེད་སྤྱོད་བྱ་རྒྱུ་དེ་དགོས་གལ་ཧ་ཅང་ཆེ་བ་ཞིག་རེད། ད་ཐེངས་ཀྱི་རིམས་ནད་འདིས་རང་རེའི་སྲོལ་རྒྱུན་གྱི་མཉམ་འཛོམས་ཐོག་བཟའ་བཏུང་བྱེད་པའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུར་གོ་སྐབས་བཏོད་ཡོད། དེ་ཡང་འགག་རྩ་ནི་ང་ཚོའི་འདུ་ཤེས་དང་ངོས་འཛིན་ལ་འགྱུར་ལྡོག་གཏོང་རྒྱུ་དེ་ཡིན་ཞིང་། མི་ཚང་མས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཚེ། དུས་ཚོད་རིང་པོ་སོང་རྗེས་གང་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་འཚོ་བ་སྐྱེལ་སྟངས་ཤིག་ལ་འགྱུར་སྲིད།

    དེར་བརྟེན་ཆེད་མཁས་ཚོས། ཕྱི་ལོག་ཏུ་ཟ་མ་ཟ་སྐབས་སྒེར་ཐུར་འཁྱེར་བ་དང་། ཟ་ཁང་ནང་གི་ཁོ་ཙེ་སྤྱི་ཐུར་དུ་སྤྱོད་རྒྱུའི་འབོད་སྐུལ་གནང་ཡོད།

    སྤྱི་ཐུར་བེད་སྤྱོད་བྱེད་པ་དེ་མི་མང་པོ་ཞིག་གིས་རྙོག་དྲ་ཆེ་ཞིང་ནོར་འཛོལ་ཤོར་སླ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཆེད་མཁས་ཚོས་ཀྱང་རང་ཉིད་ཀྱི་ཁྱིམ་དུ་སྤྱི་ཐུར་བེད་སྤྱོད་བྱེད་སྟངས་མཉམ་སྤྱོད་གནང་འདུག་པ་སྟེ། 

    རང་ཁྱིམ་དུ་བཟའ་བཏུང་བྱེད་སྐབས། གཡོས་སྦྱོར་ཟིན་པའི་ཟ་མ་དག་མི་སྒེར་གྱི་ཕོར་ཆས་ནང་བླུགས་ནས་སྒྲོག་རྩེ་གཅིག་གི་སྟེང་ཟས་ན་ཆོག་པ་དང་། གལ་སྲིད་ཕོར་ཆས་རྦད་དེ་ལོགས་དབྱེ་བྱེད་མ་ཐུབ་ཀྱང་། ཉུང་མཐར་ཡང་ཚལ་རིགས་མི་འདྲ་བ་ཚང་མ་སྔོན་ལ་སྤྱི་ཐུར་སྤྱད་ནས་སྒེར་གྱི་ཕོར་པའི་བླུགས་རྗེས་ཟ་བའི་གོམས་གཤིས་འཇགས་ཐུབ་པ་བྱེད་པ་དང་། ཕྱི་ལོག་ཏུ་ཟ་མ་ཟ་སྐབས། ཟ་ཁང་སྦྱིན་བདག་ལ་སྤྱི་ཐུར་ཞིག་དགོས་པའི་རེ་བ་བཏོན་ན་འགྲིག་པ་བསྟན་ཡོད།

ཚོད་ལྟ་འདིར་གཟིགས་རྗེས།

ཁྱེད་རང་ནས་སྤྱི་ཐུར་སྤྱོད་རྒྱུའི་སེམས་ཐག་བཅད་དམ།

འགྱུར་ལྡོག་ཆུང་ཆུང་ཞིག་གི་རྐྱེན་ལས།

ཁྱིམ་མི་ཚང་མ་བདེ་ཐང་ཡོང་བ་བྱེད།

ཁྱེད་ནས་དེར་རྒྱབ་སྐྱོར་གནང་འདོད་དམ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།