ཉིན་ལྔའི་ནང་སྒོར་དུང་ཕྱུར3.6ཁེ་བཟང་ལོན་འདུག ཡིད་མི་ཆེས་ན་ལྟོས།

རྩོམ་པ་པོ།   ནོར་བུ་ཚེ་རིང་།དུས་ཚོད།   2020-05-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           གསར་འགོད་པས་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”གུང་གསེང་རིང་རྔ་བ་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་ཁྲི་61.6557ལ་སྣེ་ལེན་ཞུས་པར་ལྗོངས་སྐོར་ཡོང་འབབ་སྒོར་དུང་ཕྱུར་3.66ལོན་ཡོད།


             དེའི་ཁྲོད་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་31104ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་448.04ལོན། 


                དུང་རི་གསེར་མཚོ་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་19034ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་97.57ལོན། 


              སྐུ་བླ་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་21899ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་151.75ལོན།


           ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་་ལྗོངས་སྐོར་བ་མི་ཐེངས་5904ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་24.26ལོན།

           ལྔ་གཅིག་གུང་གསེང། ལྗོངས་སྐོར་པས་སྒེར་འཁོར་བསྐོར་ནས་ཞིང་གྲོང་གི་འཚོ་བའི་དཔལ་ལ་རོལ་བར་འབྱོར་དུས། ཞིང་གྲོང་ནི་ཁོ་ཚོའི་དབུགས་དབྱུང་བྱུང་སའི་གནས་མལ་གཅིག་པུ་ཡིན་པ་སུས་མི་ཤེས།  ཡིན་ཡང་། ཞིང་གྲོང་དུ་འབྱོར་དུས་དོན་དངོས་སུ་ཁོ་ཚོས་ཇི་ལྟར་ཞིང་གྲོང་གི་འཚོ་བ་ཉམས་སུ་མྱོང་བཞིན་ཡོད་དམ།  

         1. ཞིང་གྲོང་གི་བཟའ་བཏུང་ལ་རོལ་བ།

        2. ཞིང་གྲོང་དུ་གནས་ཚང་གཡོར་བ།

        3. ཞིང་བའི་ལས་ཀ་ལས་པ།

        4. ཞིང་གྲོང་གི་དགའ་བདེ་ལ་རོལ་བ།

        བཅས་ལྗོངས་སྐོར་པས་སྒེར་འཁོར་བཏང་ནས་ལྗོངས་སྐོར་བ་གཙོ་རྒྱུག་ཏུ་ཆགས་ཡོད་ལ་ཁུལ་ཡོངས་སུ་རླངས་འཁོར་འགྲོ་འོང་གི་ཐེངས་གྲངས་320499ཟིན་ཡོད།

        ཁུལ་ཡོངས་ཀྱི་ལྗོངས་སྐོར་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པ་དང་ལྗོངས་སྐོར་ཞུ་གཏུག་དང་བདེ་འཇགས་ལས་འཛོལ་ཚབས་ཆེན་གང་ཡང་ཐོན་མེད་པས། དགའ་དགའ་དགའ་སྐྱིད་སྐྱིད་སྐྱིད་སྐྱིད་པ་ལ་ཨང་། 

        འོ། ཅུང་མིན་ན་བརྗེད་འདུག  ད་རུང་གནམ་གྲུར་བསྡད་ནས་ཡོང་མཁན་ཡང་མི་ཉུང་བ་ཞིག་ཡོད་རེད།

      1.ལྔ་གཅིག་རིང་གཟི་གསེར་གནམ་ཐང་དུ་གནམ་གྲུ་ཐེངས་4བཏང་ནས་འགྲུལ་པ་མི་ཐེངས་134ཕར་སྐྱེལ་ཚུར་ལེན་བྱས།

      2.ཧུང་ཡོན་གནམ་ཐང་ནས་གནམ་གྲུ་ཐེངས་4བཏང་སྟེ་འགྲུལ་པ་མི་ཐེངས་182ཕར་སྐྱེལ་ཚུར་ལེན་བྱས།

       དུས་ཀྱི་ཚོད་འཛིན་འོག་གི་ལྗོངས་སྐོར་དང་ལྗོངས་སྐོར་བྱ་གཞག

       འདི་ལོ་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་བསྐྱར་དུ་སྒོ་འབྱེད་བྱས་པ་དང་བསྟུན་ནས་སྐོར་ལམ་དགུ་རྒྱུད་ཀྱི་ལྗོངས་སྐོར་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཟླ་5ཚེས་2ཉིན་མཛེས་ལྗོངས་ཡོངས་སུ(ཡུལ་སྐོར་བ་མི་10000ལ་སྣེ་ལེན་བྱས)ཟིན་པ་དང་ཟུང་ཆུ་རྫོང་དང་དུང་རི་གསེར་མཚོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་ཚད་ན་ནིང་ལས་ཅུང་མཐོ་རུ་ཕྱིན་ཡོད། རྟ་ཁོག་འཁྱགས་རོམ་རིམ་བཞིན་ཁུལ་ཡོངས་ཀྱི་ལྗོངས་སྐོར་གྱི་འཕར་གཞི་གསར་པར་གྱུར་ཡོད། ཡིན་ཡང་། སྤྱིའི་ཆ་ནས་བཤད་ན་གློ་ཚད་ཀྱི་རིམས་ནད་ཀྱིས་ཁུལ་ཡོངས་ཀྱི་ལྗོངས་སྐོར་ཁྱོན་ཡོངས་ནས་སླར་གསོ་ཡོང་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། བསྡོམས་རྩིས་ལས་ཁུལ་ཡོངས་ཀྱིས་ལྗོངས་སྐོར་བར་སྣེ་ལེན་ཞུ་ཚད་དང་ལྗོངས་སྐོར་ཡོང་འབབ་ན་ནིང་ལས་ཅུང་ཉུང་དུ་ཕྱིན་ཡོད་པ་གསལ་བོར་མཐོང་ཐུབ།

    སྒེར་འཁོར་བཏང་ནས་རང་བརྟེན་ལྗོངས་སྐོར་བྱ་རྒྱུ་དེ་འཕེལ་ཕྱོགས་སུ་གྱུར་ཡོད། རྔ་བ་ཁུལ་ནི་སྒེར་འཁོར་བཏང་ནས་ལྗོངས་སྐོར་བྱེད་ས་གཙོ་བོར་གྱུར་ཡོད་པ་མ་ཟད་སྒེར་འཁོར་བཏང་ནས་ལྗོངས་སྐོར་བྱེད་རྒྱུ་ནི་ལྗོངས་སྐོར་བའི་འཕེལ་ཕྱོགས་སུ་གྱུར་ཡོད།

    དཔེ་རེ་བཞག་ན། གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་སྒེར་འཁོར་གྱི་གྲངས་ནི་རྩིས་ལ་མ་མཁས་ན་ཚད་འཛིན་པར་དཀའ་སྟེ།སྒེར་འཁོར་བཏང་ནས་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་19449ཟིན་པ་དེས་སྤྱིའི་ལྗོངས་སྐོར་བའི་62.53%ཟིན་ཡོད་པ་དེ་བཞིན་ནོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།