ངོ་མཚར་བའི་ཇོ་མོ་གླང་མའི་འཁྱགས་ཀླུང་།

རྩོམ་པ་པོ།   དུས་ཚོད།   2020-05-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        འཁྱགས་ཀླུང་ནི་ཆུའི་གནས་སྟངས་ཤིག་ཡིན་ཞིང་། དེ་ནི་ཁ་བར་འགྱུར་ལྡོག་རབ་དང་རིམ་པ་བརྒྱུད་ནས་གྲུབ་པ་ཡིན།  འཁྱགས་རོམ་གྲུབ་པར་གངས་དང་། སྨུག་པ། སེར་བ་སོགས་དགོས་ཤིང་། དེ་དག་མེད་ན་འཁྱགས་ཀླུང་ཆགས་ཐུབ་ཀྱི་མེད། 

          འཁྱགས་ཀླུང་ནི་གླིང་སྣེའི་ས་ཁུལ་དང་རི་མཐོའི་ས་ཁུལ་གྱི་ས་ངོས་སུ་ལོ་མང་པོར་གནས་པ་མ་ཟད་ས་ངོས་ཀྱི་འགུལ་སྐྱོད་རྣམ་པ་ལྡན་པའི་རང་བྱུང་གི་དར་གཟུགས་ཤིག་ཡིན་ཞིང་། འཁྱགས་ཀླུང་དུ་ལོ་མང་པོར་གངས་གསོག་པ་དང་དེར་མར་མནན་པས་ཡང་བསྐྱར་ཤེལ་གཟུགས་སུ་ཆགས་པ་དང་།   དེ་འཁྱགས་པར་གྱུར་ནས་དར་གཟུགས་སུ་གྲུབ་པ་ཡིན། དེ་ལ་རྣམ་པ་དང་རིམ་པ་ངེས་ཅན་ལྡན་ཞིང་།   ས་ངོས་ཀྱི་ཚྭ་མེད་ཆུའི་ཐོན་ཁུངས་གལ་ཆེན་ཞིག་ཡིན།

         རི་བོ་མཐོན་པོའི་སྟེང་དུ་འཁྱགས་ཀླུང་ཆགས་དགོས་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་ངེས་ཅན་ཞིག་དགོས་པ་མ་ཟད། ས་བབ་ཀྱང་ངེས་ཅན་ཞིག་དགོས་པ་དང་། རི་བོ་མཐོན་པོའི་ངོས་གཟར་མི་རུང་། གལ་ཏེ་རི་རྩེ་གཟར་པོ་ཡིན་ན་ཁ་བ་མར་བབས་ཏེ་རི་ངོས་སུ་ཉིལ་འགྲོ་བ་དང་།  གངས་གསོག་ཐེབས་མི་ཐུབ་ལ་འཁྱགས་ཀླུང་ཡང་ཆགས་ཐུབ་ཀྱི་མེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།