གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྲིམས་ལུགས་སློབ་གསོར་ཤུགས་བསྣན།

རྩོམ་པ་པོ།    ཚེ་དཔག་ལྷ་མོ། དུས་ཚོད།   2020-04-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟླ་4ཚེས་27ཉིན། ཧུང་ཡོན་རྫོང་གིས་གཞི་རིམ་གྱི་སྲིད་དབང་བརྟན་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚོད་ལྟའི་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་ངང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྲིད་ཁྲིམས་སྡེ་ཚན་ཁག་དང་གསེར་དེའུ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། གྲོང་རྡལ་དེར་ཧུང་ཡོན་རྫོང་གི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཚོད་ལྟའི་གཅིག་སྡུད་ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།    

           བྱེད་སྒོ་སྤེལ་བའི་རིང་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྙན་དོན་གྱིས་གསེར་དེའུ་གྲོང་རྡལ་གྱི་ཉེ་བའི་ལོ་ཤས་རིང་འབྲོག་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཁྲིམས་འགལ་ཉེས་གསོག་གི་སྣང་ཚུལ་དང་དེ་བཞིན་གོམས་གཤིས་ངན་པར་དབྱེ་ཞིབ་ཞིབ་ཕྲ་བྱས་པ་རེད། དེ་དང་ཆབས་ཅིག་ནག་སེལ་གཤེད་བཅོས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་སློབ་གསོའི་མགོ་འཛུགས་ཚོགས་འདུར་ཞུགས་མཁན་གྱི་འབྲོག་པ་མང་ཚོགས་ལ་སྒྲོག་འགྲེལ་བྱས་ནས་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་བྱས་པ་རེད། རྫོང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་འཇམ་དབྱངས་ཉི་མས་གཅིག་སྡུད་བྱེད་སྒོའི་སློབ་གསོའི་གཙོ་གནད་དང་། རྒྱན་འཛུགས་གཏན་འགོག་དང་དུས་བདེ་ཞི་མཐུན་གྱི་ཁྱིམ་གཞིས་གཏོད་པ། ཏང་གི་བཀའ་དྲིན་ཚོར་བ་སོགས་ཀྱི་ཐད་ནན་བཤད་བྱས་ཏེ་འབྲོག་པ་མང་ཚོགས་ལ་ངོས་འཛིན་མཐོར་གཏོང་དང་། རང་གིས་རང་ལ་ཞིབ་ལྟ་བྱས་ནས་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་བྱེད་པ་དང་ཁྱིམ་གཞིས་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གོམ་སྟབས་རྗེས་མའི་ཁྲིམས་སྐྱོང་གཅིག་སྡུད་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་རྨང་གཞི་ཟབ་མོ་བཏིང་ཡོད། 

         ཐེངས་འདིའི་སློབ་གསོའི་བྱེད་སྒོའི་ཐོག་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནག་སེལ་གཤེད་བཅོམས་དང་ལུགས་རྙིང་སྲོལ་ངན་མེད་པ་བཟོ་བའི་ཆོད་སེམས་དང་ཡིད་ཆེས་མཚོན་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཟིལ་གནོན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་གསུམ་དང་། སེམས་མཐུན་གཉིས། དུས་རབས་གཅིག་བཅས་ཀྱི་འཛུགས་སྐྲུན་ལ་སྲིད་དབང་གི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།