ཟུང་ཆུ་རྫོང་སློབ་གསོ་ཅུས་ཀྱིས་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀ་སྤེལ།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར།དུས་ཚོད།   2020-04-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་སློབ་གསོ་ཅུས་ཀྱིས་དོན་དངོས་ལ་དམིགས་ཤིང་འཆར་གཞི་ཞིབ་མོ་བཀོད་དེ། ཤུགས་སྣོན་གསུམ་དང་ཟུང་འབྲེལ་གསུམ། བྱེད་ཐབས་གསུམ་བཅས་ཀྱི་ལས་སྒྲུབ་ཐབས་ལམ་གཏིང་ཟབ་མོར་སྤེལ་ནས། ཏང་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་བཏང་བ་དང་། འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀར་གྲུབ་འབྲས་བཟང་བོ་ཐོབ་ཡོད།

        ཟུང་ཆུ་རྫོང་སློབ་གསོ་ཅུས་ཀྱིས་འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དང་རོགས་སྐྱོར་ལ་ཤུགས་སྣོན། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བྱས་ཏེ། རོགས་སྐྱོར་འགན་ལེན་མི་སྣ་26རྫོང་དེའི་ནོར་བ་གྲོང་སྡེར་བགོས་ནས་ཁྱིམ་འབྲེལ་དམངས་འདྲིས་དང་དགོན་འབྲེལ་གྲྭ་འདྲིས་ཀྱི་ཀུན་ལ་ཁྱབ་པའི་ལས་ཀ་ལེགས་པར་བསྒྲུབས་ཤིང་། དམུ་དགེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་ལག་རྡང་སྦྲེལ་ནས། དབུལ་ཁྱིམ་དུ་སོང་སྟེ་2020ལོའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་གནས་ཚུལ་དཔྱད་འཇོག་ལས་ཀ་ལེགས་པར་བསྒྲུབས།

        ཅུས་དེས་དམུ་དགེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་ལ་ཟུང་འབྲེལ་བྱས་ཏེ། སློབ་གསོ་རོགས་སྐྱོར་དང་རིམས་འགོག དམངས་འཚོ་ལེགས་བཅོས། མངའ་ཁོངས་གསུམ་དང་གཞིས་ཆགས་གཅིག་སོགས་ཀྱི་ལས་ཀར་འབྲེལ་ནས། འབྲེལ་གཏུག་ཁྱིམ་ཚང་ལ་འཕེལ་རྒྱས་ཀྱི་ཐབས་ཤེས་དང་འཆར་གཞི་འགོད་རོགས་བྱས་ཤིང་། མང་ཚོགས་ཀྱི་དཀའ་ངལ་རྒྱུས་བླངས་པ་དང་། སེམས་ཁུར་ཆེ་ས་དང་དཀའ་ངལ་ཆེ་སའི་དམངས་འཚོའི་དཀའ་ངལ་དངོས་སེལ་རོགས་བྱས།

         ལས་སྒྲུབ་མི་སྣ་ལས་ཁུངས་སུ་མི་སྡོད་པར་རྒྱུན་དུ་མང་ཚོགས་བར་འགྲོ་འོང་དང་བསམ་བློ་བརྗེ་རེས། རོགས་སྐྱོར་ཐུབ་ཆེད། ཅུས་དེས་རོགས་སྐྱོར་ཕྱོགས་སྡོམ་དང་འགན་འཁྲི་དབྱེ་ཞིབ། ལས་ཀར་ལྟ་ཞིབ་བཅས་ཀྱི་བྱེད་ཐབས་གསུམ་བཏོན་ནས། རོགས་སྐྱོར་སྐབས་སུ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་དང་གྲོས་སྡུར་བྱས་ཤིང་། གོ་ཆོད་པའི་ཐབས་ཤེས་ཀྱང་བཏོན་པར་མ་ཟད། ཁྱིམ་ཚང་རེ་ལ་ཐབས་ཇུས་རེའི་རོགས་སྐྱོར་བྱེད་ཐབས་ལག་ལེན་བྱེད་བཞིན་ཡོད།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།