བརྙན། འཛམ་གླིང་དཔེ་ཀློག་ཉིན་མོར་རྒན་ཐུབ་བསྟན་ཐུབ་ཚོགས་སོགས་ཀྱིས།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས།དུས་ཚོད།   2020-04-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྩོམ་སྒྲིག་པའི་གཏམ། 

      དེ་རིང་གི་འཛམ་གླིང་དཔེ་ཀློག་ཉིན་མོར། བོད་ཀྱི་མཁས་པ་ཆེན་པོ་རྒན་ཐུབ་བསྟན་ཕུན་ཚོགས་དང་། འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའི་སློབ་གཙོ་གཞོན་པ་དགེ་རྒན་ཚེ་འབུམ། རྔ་བའི་གསར་འགྱུར་ཁང་གི་ལས་འཁྱུར་ངལ་གསོ་བ་དགེ་རྒན་ཀིརྟི་སྐྱབས་རྣམ་པ་གསུམ་གྱིས། དཔེ་ཀློག་གི་གལ་ཆེན་རང་བཞིན་སྐོར་ནས་གསུང་བཤད་གནང་ཡོད་པས། ཀུན་གྱིས་གསན་པར་འཚལ།

    གོ་དོན།  

    འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཆ་ཚང་ལ་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་རུ་འབོད་ཅིང་། འཛམ་གླིང་གི་དཔེ་དེབ་ཉིན་མོའང་ཟེར།

    བྱུང་རིམ།

    སྤྱི་ལོ་1972ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་དཔེ་ཀློག་སྤྱི་ཚོགས་སུ་བསྐྱོད་པའི་འབོད་སྐུལ་བཏང་བར་མ་ཟད། སྤྱི་ཚོགས་ཀྱི་ཁོངས་མི་ཚང་མས་དཔེ་ཀློག་བྱ་དགོས་པ་དང་། དཔེ་ཀློག་ནི་མི་རེ་རེའི་རྒྱུན་ལྡན་འཚོ་བ་ཡི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་དགོས་པའི་བླང་བྱ་བཏོན་པ་རེད།

     སྤྱི་ལོ་1995ལོའི་ཟླ་11་ཚེས་15ཉིན། རྒྱལ་སྤྱིའི་དཔེ་སྐྲུན་ཚོང་བའི་མཐུན་ཚོགས་ཀྱི་གོ་ལ་ཧྲིལ་བོའི་ཚོགས་ཆེན་སྐབས་ཉེར་ལྔར། འཛམ་གླིང་དཔེ་དེབ་ཉིན་མོ་འཛུགས་པར་འཆར་འགོད་བཟོས་པ་དང་བསྟུན། སི་ཕེན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ལ་དཔེ་དེབ་ཉིན་མོའི་ཇུས་གཞི་ཐོག་མ་ཕུལ་བ་དང་། རྗེས་སུ་ཨུ་རུ་སུས་དེ་ལ་ད་རུང་པར་དབང་ཁ་སྣོན་དགོས་པའི་རེ་བ་བཏོན་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལོ་རེའི་ཟླ་4་ཚེས་23ཉིན། འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོར་གཏན་དུ་འཁེལ་བ་ཁྱབ་བསྒྲགས་བྱས།

    སི་ཕེན་རྒྱལ་ཁབ་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་འཛུགས་པའི་གྲོས་འགོ་བཏོན་པའི་རྒྱུ་མཚན་ནི། སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་དུ་གཏམ་རྒྱུད་འདི་འདྲ་ཞིག་བཤད་རྒྱུན་འདུག་སྟེ། སྐྱེ་ཁམས་རྫུབས་སྟུག་པོའི་རི་སུལ་ཅིག་ཏུ་ཡིད་འོང་སྲས་མོར་ཁྱུང་འབྲུག་གིས་གནོད་འཚེ་གཏོང་རྩིས་བྱེད་སྐབས། དཔའ་ཐུལ་ཆའོ་ཀྲིས་རང་གི་ཚེ་སྲོག་ལ་མ་འཛེམ་པར་ཁྱུང་འབྲུག་དང་འཛིངས་ནས་སྲས་མོའི་ཚེ་སྲོག་བསྐྱབས་ཤིང་། སྲས་མོ་སྲོག་ཉེན་ལས་ཐར་རྗེས། ཆའོ་ཀྲི་ལ་དྲིན་ལན་འཇལ་བའི་ལེགས་སྐྱེས་སུ་དཔེ་དེབ་ཅིག་བྱིན་པ་རེད། དུས་དེ་ནས་བཟུང་དཔེ་དེབ་དེ་ཉིད་བློ་རྒྱ་དང་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་གྱུར་ལ། སི་ཕེན་རྒྱལ་ཁབ་ཏུ་ཟླ་4ཚེས་23ཉིན་ཡང་དཔའ་བརྟུལ་ཆའོ་ཀྲིའི་རྗེས་དྲན་ཉིན་མོར་གྱུར་བ་དང་། ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི་སྐྱེ་བོ་ཚང་མས་དགའ་ཉེ་སྤུན་མཆེད་ཕན་ཚུན་ལ་རྒྱ་སེ་མེ་ཏོག་དང་དཔེ་དེབ་ལེགས་སྐྱེས་སུ་འབུལ་བའི་གོམས་སྲོལ་དར།

    བྱེད་སྒོ།

   ལོ་རེའི་ཉིན་མོ་འདིར། འཛམ་གླིང་སྒང་གི་རྒྱལ་ཁབ་སོ་སོས་དཔེ་ཀློག་དང་དཔེ་སྦྱིན། དཔེ་དེབ་འོས་སྦྱོར། གོང་གཅོག་དཔེ་འཚོང་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད། 

   དམིགས་ཡུལ།

   འཛམ་གླིང་གི་མི་ཚང་མས་ཤེས་བྱ་ལ་བརྩི་མཐོང་བྱས་ཏེ་དཔེ་ཀློག་དང་རྩོམ་འབྲིའི་ལས་སུ་ཞུགས་པར་བསྐུལ་རྒྱུ་དེའོ། །

   བསྒྲགས་གཏམ།

    འཛམ་གླིང་གི་ས་ཆ་སོ་སོ་ན་ཡོད་པའི་མི་ཚང་མར་ཁྱེད་རང་བགྲེས་པོ་དང་ན་གཞོན། འབྱོར་ལྡན་དང་དབུལ་བོ། ནད་པ་དང་ཐང་པོ་གང་ཡིན་ཡང་ཆོག་སྟེ། ཚང་མས་དཔེ་ཀློག་གི་སྤྲོ་སྣང་ལོངས་སྤྱོད་སྒོས་མིའི་རིགས་ཀྱི་དཔལ་ཡོན་ཐད་བྱས་རྗེས་རླབས་ཆེན་བཞག་དང་འཇོག་གིན་པའི་རྩོམ་རིག་དང་། རིག་གནས། ཚན་རིག བསམ་བློ་བ་ཆེན་མོ། ཤེས་རིག་བདག་དབང་སྲུང་སྐྱོབ་སོགས་ལ་གུས་བརྩི་དང་དྲིན་གཟོ་མཚོན་པའི་ཆེད་དུ་དཔེ་ཀློག་བྱ་རྒྱུའོ། ། 

   མཚོན་དོན།

    མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལོ་རེའི་ཟླ་4ཚེས་23ཉིན། འཛམ་གླིང་དཔེ་ཀློག་ཉིན་མོར་གཏན་ཁེལ་བྱ་དགོས་དོན་ནི། ཉིན་མོ་འདི་སི་ཕེན་རྒྱལ་ཁབ་ཀྱི་རླབས་ཆེན་རྩོམ་པ་པོ་སའེ་ཝན་ཐེ་སི་སྐུ་གཤེགས་པའི་ཉིན་མོ(1616.4.23)ཡིན་པ་དང་། དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཧྲ་ཧྲི་པ་ཡཱ(1564---1616)འཁྲུངས་འདས་ཀྱི་ཉིན་མོའང་ཡིན། ཨ་མེ་རི་ཀའི་རྩོམ་པ་པོ་གྲགས་ཅན་ནཱ་པའོ་ཁེ་ཧྥུའི་འཁྲུངས་སྐར(1899.4.23)ཡིན།  ཧྥ་རན་སེའི་རྩོམ་པ་པོ་གྲགས་ཅན་མའོ་ལི་སི•ཏེ་ལུའུ་ཝེང་གི་འཁྲུངས་སྐར(1918.4.23)ཡང་ཡིན། འཁྱགས་གླིང་རྒྱལ་ཁབ་ཀྱི་ནོ་པེ་རྩོམ་རིག་བྱ་དགའ་ཐོབ་མཁན་ལཱ་ཁེ་སི་ནའེ་སིའི(1902.4.23)འཁྲུངས་སྐར་སོགས་འཛམ་གླིང་ཡོངས་ལ་མཚན་སྙན་རྒྱས་པའི་རླབས་ཆེན་གྱི་སྐྱེས་བུ་དག་གི་འཁྲུངས་འདས་ལ་དཔེ་ཀློག་གིས་རྗེས་དྲན་བྱེད་པ་དང་བསྟུན་མི་སྒེར་རང་ཉིད་ཀྱི་དཔེ་ཀློག་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་མཚོན་ནོ། །

ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །

ཐོས་པས་སྡིག་ལས་ལྡོག་པར་བྱེད། །

ཐོས་པས་དོན་མ་ཡིན་པ་སྤོང་། །

ཐོས་པས་མྱ་ངན་འདས་པ་ཐོབ། །

ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །

གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །

ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །

གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །

ཕན་དང་མི་ཕན་མི་དཔྱོད་ཅིང་། །

བློ་དང་ཐོས་པ་མི་བསྒྲུབ་པར། །

ལྟོ་འབྲངས་འབར་ཞིག་དོན་གཉེར་བ། །

སྤུ་མེད་པ་ཡི་ཕག་པ་ཡིན། ། 

ཐོས་པ་ཆུང་བའི་སྐྱེས་བུ་ནི། །

བ་གླང་བཞིན་དུ་རྒས་འགྱུར་ཏེ། །

དེ་ཡི་ཤ་རྣམས་འཕེལ་གྱུར་ཀྱང་། །

དེ་ཡི་ཤེས་རབ་འཕེལ་མི་འགྱུར། །

མཛད་པ་ཀུན་ལས་གསུང་གི་ནི། །

མཛད་པ་མཆོག་ཡིན་དེ་ཡང་ནི། །

དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །

འདི་ལས་སངས་རྒྱས་རྗེས་དྲན་བྱོས། །

 ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །

ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །

ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །

རང་གི་འདོད་པ་དང་དུ་བླང་བར་རིགས། །

རྩ་བ་སེར་ལ་ས་བཅད་སྐེགས། །

ལུང་གཞི་དམར་ལ་ལུང་ཁུངས་ལྗང་། །

དཔེ་ཀློག་མཁན་པོ་སྒོར་ཕྱིར་མ་བུད་ཀྱང་། །

གནམ་འོག་དོན་དག་ཁྲི་འབུམ་ཤེས་པར་འགྱུར། །

  གོ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར། །

འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།  