རང་ཁུལ་གྱི་ལས་གཞི་ཆེན་པོ་ལྔས་སློབ་གྲྭའི་བདེ་འཇགས་དང་བརྟན་བརླིང་སྲུང་བཞིན་ཡོད།

རྩོམ་པ་པོ།   དུས་ཚོད།   2020-04-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཁུལ་སློབ་གསོ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། རང་ཁུལ་གྱིས་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་གི་ཚད་ལོན་ལས་གཞི་དང་སློབ་གྲྭའི་སློབ་སྐྱོང་ལས་སྤེལ་གྱི་ལས་གཞི། སློབ་གྲྭའི་བདེ་འཇགས་ཞིབ་འགོད་དོ་དམ་ལས་གཞི། སློབ་གྲྭའི་བདེ་འཇགས་དོ་དམ་མི་སྣ་གསོ་སྦྱོང་ལས་གཞི། སློབ་གྲྭའི་ཟ་ཁང་དོ་དམ་ཞིབ་ཚགས་ལས་གཞི་བཅས་ལས་གཞི་ཆེན་པོ་ལྔ་ལེགས་པོར་བསྒྲུབས་ནས། སློབ་གྲྭའི་ནང་ཁུལ་གྱི་བདེ་འཇགས་དོ་དམ་དང་ཡ་རབས་ཚུལ་མཐུན་གྱི་སློབ་གླིང་འཛུགས་སྐྲུན་དམ་པོར་བཟུང་སྟེ། སློབ་གྲྭའི་བདེ་འཇགས་དང་བརྟན་བརླིང་སྲུང་བཞིན་ཡོད།

         རྒྱུས་ལོན་པ་ལྟར་ན། ཐེངས་གཅིག་མཐེབ་གནོན་ལུགས་ཀྱི་མཁོ་བསྟུན་ཉེན་བརྡ་གཏོང་བ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་དང་སྤྱི་བདེ་ལས་ཁུངས་ཀྱི་སྦྲེལ་དྲྭ་ཚད། ཆེད་དོན་བདེ་སྲུང་བའི་སྒྲིག་ཆས་ཚད་བཅས་གསུམ་ནི་བརྒྱ་ཆ་100ལ་བསླེབས་ཤིང་། སློབ་གྲྭ་རེར་སློབ་སྐྱོང་སྟོབས་ཤུགས་གཉིས་ཡན་ཡོད་པ་འགན་བླངས་ཡོད། བདེ་འཇགས་དོ་དམ་མི་སྣ་ཀུན་ལ་ཁེབས་ཡོད། གསོ་སྦྱོང་སློབ་ཐུན་ཚད་ལོན་ཡོད་ལ། ད་ལོར་ཐབ་ཁང་གཙང་གསལ་ལས་གཞི་ལེགས་པོར་བསྒྲུབ་རྒྱུ་རེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།