ཆུ་ཆེན་རྫོང་གིས་འབྲོག་ཁུལ་དུ་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-04-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ་དང་བཅའ་ཁྲིམས་སྲིད་ཇུས་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བར་སྐུལ་འདེད་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་བཅའ་ཁྲིམས་བྱང་ཚད་མཐོ་རུ་གཏོང་བ། འབྲོག་ཁུལ་དུ་ཁྲིམས་ལུགས་ལ་བརྩི་འཇོག་དང་། ཁྲིམས་ལུགས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་བཟང་བོ་གཏོད་ཆེད། ཉེ་ཆར། ཆུ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་འཛིན་པ་འབའ་ཟི་ཡུལ་ཚོར་སོང་སྟེ་ཁྲིམས་ལུགས་འབྲོག་ཁུལ་དུ་སྤེལ་བ་ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

         བྱེད་སྒོར་ཁྲིམས་སྐྱོང་གི་དྲིལ་སྒྲོག་ལག་དེབ་སྤྲད་པ་དང་།མང་ཚོགས་ཀྱི་བཅའ་ཁྲིམས་གནད་དོན་ལ་ལན་བཏབ།དྲིལ་སྒྲོག་སྦྱར་ཡིག་བཀལ་བ་སོགས་ཀྱི་རྣམ་པས་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་། 《བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས》《གཉེན་སྒྲིག་བཅའ་ཁྲིམས》《རོང་འབྲོག་མང་ཚོགས་ཀྱི་རྒྱུན་སྤྱོད་བཅའ་ཁྲིམས་ཤེས་བྱའི་འགྲེལ་བཤད》《སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་བཏང་། ད་ཐེངས་ཀྱི་དྲིལ་སྒྲོག་ལག་དེབ་ནི་བོད་རྒྱ་སྐད་གཉིས་ཀྱི་པར་སྐྲུན་བྱས་པས་འབྲོག་ཁུལ་མང་ཚོགས་ཀྱི་སྟབས་བདེས་ངང་བཅའ་ཁྲིམས་སློབ་སྦྱོང་བྱེད་ཐུབ་པར་མ་ཟད།སྨྱན་སྦྱོར་གསར་པའི་འཁྱུག་དབྱངས་སྤྱི་རྟགས་དང་སྐད་འཕྲིན་སྤྱི་རྟགས་སོགས་བེད་སྤྱད་དེ་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས།

         ད་ཐེངས་ཀྱི་བྱེད་སྒོས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་དང་།ཁྲིམས་སྐྱོང་གི་དྲིལ་སྒྲོག་ལག་དེབ་ཁྱོན་1000ལྷག་སྤྲད་པ་དང་།མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་མི་ཐེངས་2ལ་ལན་བཏབ།ཁྲིམས་སྐྱོང་དྲིལ་སྒྲོག་གི་མཁོ་ཆས་300ལྷག་སྤྲད་དེ་བྱ་བ་བསྒྲུབ་སྐབས་ཁྲིམས་ལྟར་བསྒྲུབ་པ་དང་།གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལུགས་བེད་སྤྱོད་པ་དང་།འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་བཟང་བོ་ཞིག་བཏོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།