ཟུང་ཆུ་རྫོང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་པ19ཡི་མེ་གསོད་རྫིང་བུ་གསར་སྐྲུན་བྱས།

རྩོམ་པ་པོ།   དུས་ཚོད།   2020-04-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། 2020ལོར་ཟུང་ཆུ་རྫོང་གིས་བོད་རིགས་ས་ཁུལ་གྱི་ཆེད་དོན་མ་དངུལ་དོ་དམ་གྱི་རེ་བ་ལྟར། ཁྱོན་མ་དངུལ་སྒོར་ཁྲི་2372བཏང་ནས་ཟུང་ཆུ་རྫོང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་19ལ་མེ་གསོད་རྫིང་བུ་གསར་སྐྲུན་བྱས་པ་དང་།  དགོན་པ་ཁག་གི་ཆུ་གློག་ལམ་དང་།  དགོན་པའི་དཔེ་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉམས་གསོ་བྱས།

         ཐོན་སྐྱེད་སླར་གསོ་དང་ལས་འགོ་སླར་གསོའི་རེ་བ་ལྟར། ཟླ་3ཚེས་31ཉིན་རྔ་བའི་ལུང་མདའ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཟུང་ཆུ་རྫོང་གི་བོད་བརྒྱུད་ནང་བསྟན་གྱི་ཤའོ་པའོ་དགོན་གྱི་མེ་གསོད་རྫིང་བུ་ཐོག་མ་དེ་ཟུང་ཆུ་རྫོང་མི་རིགས་ཆོས་ལུགས་ཅུས་དང་ཤའོ་པའོ་དགོན་དགོན་པའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་རྣམས་ཀྱིས་ས་ཆ་འདེམས་ནས་ལས་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས། 

        ཟུང་ཆུ་རྫོང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་པར་ལོ་རྒྱུས་ཡུན་རིང་ལྡན་པ། དགོན་པ་སྲུང་སྐྱོང་བྱ་ཆེད། ན་ནིང་ཟུང་ཆུ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་རྫོང་ཡོངས་ཀྱི་དགོན་པར་བརྟག་ཞིབ་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་གིས་སྙན་སེང་ཞུས་པའི་དགོན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ནང་དོན་ཕྱོགས་སྡོམ་དང་ཞིབ་བསྡུར་བྱས་པ། འཛུགས་སྐྲུན་གྱི་ནང་དོན་དང་རྣམས་གྲངས་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་19དང་འབྲེལ་བ་ཡོད་པ། ལག་བསྟར་བྱས་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུའི་ཞིབ་དཔྱད་དང་། གནས་ཡུལ་འདེམས་རྒྱུའི་བསམ་འཆར། ས་ཞིང་སྔོན་རྩིས་སོགས་་ལེགས་གྲུབ་བྱུངབ་། ད་ལོའི་དཔྱིད་དུས་དུས་ཐོག་ཏུ་རྣམ་གྲངས་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱས། 

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཟུང་ཆུ་རྫོང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་པར་མེ་གསོད་རྫིང་བུ་19གསར་སྐྲུན་བྱས་པ་ཕུད། ད་དུང་དགོན་པའི་རྡིབ་ཟིན་པའི་རྡོ་སྐས་དང་།  དེ་མིན་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་སོགས་ཉམས་གསོ་བྱ་རྒྱུ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།