རང་ཁུལ་གྱིས་སློབ་མགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཧུར་ཐག་སྒོས་སྒྲུབ་ཀྱིན་ཡོད།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཚེས་25ཉིན། རྔ་བ་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྔ་བ་ཁུལ་སློབ་གསོ་ཅུས་ཀྱིས་ཏོག་གསར་གློ་ཚད་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་ཡུན་རིང་རང་ཁུལ་གྱིས་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་གྱི་དགེ་རྒན་དང་ལས་བཟོ་བ། སློབ་མའི་གནས་ཚུལ་སོགས་ཞིབ་མོར་ཁོང་དུ་ཆུད་པ་བྱས་ཡོད། མིག་སྔར། རང་ཁུལ་གྱི་སློབ་མའམ་སློབ་མའི་ཁྱིམ་མི་རིམས་ནད་ཁུལ་དུ་སྐྱོད་མཁན་384ཡོད་པ་དང་། ད་དུང་སློབ་མ་4212སྔར་བཞིན་ཁུལ་ཕྱི་རུ་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་། རིམས་ནད་ཐོན་ཁུལ་དུ་འགྲོ་མྱངས་བའི་དགེ་རྒན་དང་ལས་བཟོ་བ་89། སྔར་བཞིན་ཁུལ་ཕྱི་རུ་སྡོད་པའི་དགེ་རྒན་དང་ལས་བཟོ་བ་1671ཡོད་པ་རེད།  

        མིག་སྔའི་བར་རང་ཁུལ་གྱི་སློབ་གསོ་ཅུས་ཀྱིས་ཁ་རས་དང་། ལུས་དྲོད་བརྟག་ཆས། དུག་སེལ་བཤེར་ཁུ་སོགས་བསྡུ་རུབ་བྱེད་བཞིན་ཡོད།  དེ་མིན་རང་ཁུལ་གྱིས་གཙོ་བོ་སློབ་གྲྭའི་ཉལ་ཁང་དང་། ཟ་ཁང་། བདེ་སྲུང་སྒྲིག་བཀོད། སློབ་མའི་དྲོད་ལེན་སྒྲིག་ཆས། ཚོད་ལྟར་སྤྱོད་པའི་རྫས་འགྱུར་ཐོན་རྫས། དམིགས་བསལ་སྒྲིག་ཆས་སོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་རྒྱུ་རེད། གསར་འགོད་པ།