དབྱི་ཐ་ལིའི་ནད་པ་ཐོག་མ་དྲག་སྟེ་སྨན་ཁང་ནས་བུད།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ།དབྱི་ཐ་ལིའི་ཨན་ཧྲ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་དེའི་ཚེས་23ཉིན་དབྱི་ཐ་ལིའི་ཏོག་གསར་གློ་ཚད་ཀྱི་ནད་པ་ཐོག་མ་ལུན་པ་ཏི་ཏ་ཆུས་ཕ་ཝེ་ཡ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནས་དྲག་སྟེ་བུད་ཡོད།

           གནས་ཚུལ་སྤེལ་བ་ལྟར་ན།ལོ་38ལོན་པའི་སྐྱེས་པ་དེས་སྤྱི་ཚོགས་སྤེལ་རེས་སྨྱན་སྦྱོར་ཐོག་གི་བརྙན་ཐུང་ཞིག་གི་ནང་ཁོ་ནད་ལས་དྲག་སྟེ་ད་ལྟ་ཁྱིམ་དུ་ལོག་ཡོད་ཅེས་བཤད། ནད་པ་དེ་ཟླ་2ཚེས་19ཉིན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པ་དང་། ཟླ་2ཚེས་21ཉིན་ནས་ཚེས་22ཉིན་བར། ནད་ཇེ་ལྕི་ལ་སོང་ནས་ནད་ལྕི་ལྟ་སྐྱོང་ཁང་ནས་སྨན་བཅོས་བྱས། ཟླ་3ཚེས་9ཉིན་ནས་སྐྱེས་པ་དེའི་ནད་ཇེ་དྲག་དང་རང་གིས་དབུགས་འབྱིན་རྔུབ་ཐུབ་བྱུང་།

           ཤེས་རྟོགས་བྱུང་བ་ལྟར་ན། ནད་པ་དེའི་སྨན་པ་དང་ལུས་ལ་མངལ་ཆགས་ཡོད་པའི་ཆུང་མ། མཉམ་དུ་རྒྱུགས་རྩལ་ལ་ཞུགས་པའི་གྲོགས་པོ་གཅིག དེ་བཞིན་ཆང་ཁང་ནང་མཉམ་དུ་འདུ་བའི་གྲོགས་པོ་གསུམ་བཅས་ལ་ནད་འགོས་པ་དང་།སྲིད་གཞུང་གིས་ཉེ་འགྲམ་གྱི་གྲོང་ཁྱེར་དང་གྲོང་རྡལ་བཅུ་ལྷག་བཀག་སྡོམ་བྱས་ཤིང་མི་ཁྲི་5ལྷག་ལོགས་སུ་བཀར་དགོས་བྱུང་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།