ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཧང་ག་རིར་རིམས་ནད་སྔོན་འགོག་གི་དངོས་རྫས་ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           མི་དམངས་དྲ་བ་ཕ་རི་སི་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་23ཉིན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཧང་ག་རིའི་སྲིད་གཞུང་ལ་ཞལ་འདེབས་སུ་ཕུལ་བའི་N95ཁ་རས་ཁྲི་2ཧང་ག་རིའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ལྟེ་གནས་སུ་བསྐྱལ་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཐད་བདེ་སྤྱོད་བྱས།ད་ཐེངས་ཀྱི་ཞལ་འདེབས་ནི་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང(ཡོ་རོབ)ཚད་ཡོད་ཀུང་སིས་ཉོ་སྒྲུབ་དང་སྐྱེལ་འདྲེན་གྱི་འགན་ཁུར་བ་དང་ཧང་ག་རིའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་རོགས་རམ་དང་མཛུབ་ཁྲིད་བྱས་པ་རེད།ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ནི་ཧང་ག་རིའི་སྲིད་གཞུང་ལ་རིམས་ནད་སྔོན་འགོག་གི་དངོས་རྫས་ཞལ་འདེབས་སུ་ཕུལ་བའི་ཀྲུང་གོའི་མ་འཇོག་ཁེ་ལས་ཐོག་མ་དེ་ཡིན།གཞན་ཡང་འཛུགས་སྐྲུན་དངུལ་ཁང་གིས་ད་དུང་འཛམ་གླིང་གི་དྲྭ་བའི་ཐོན་ཁུངས་བརྒྱུད་དེ་ཧང་ག་རིའི་སྲིད་གཞུང་སྡེ་ཁག་དང་ས་གནས་དེའི་སྨན་ཁང་སོགས་ཀྱི་སྒྲིག་གཞིར་འབྲེལ་ཡོད་ཀྱི་སྨན་བཅོས་དངོས་རྫས་ཧུར་ཐག་གིས་གྲབས་གསོག་བྱེད་རོགས་བྱས་ནས་མཉམ་དུ་རིམས་ནད་སྔོན་འགོག་བྱེད་བཞིན་ཡོད།

          ནད་དུག་གི་མདུན་དུ་མིའི་རིགས་ནི་ལས་དབང་གཅིག་པའི་ཚོགས་པ་ཞིག་ཡིན་པས།མིག་སྔར་ཡོ་རོབ་ཏུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་གང་སར་ཁྱབ་པ་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བློ་ཐག་རྦད་ཆོད་ཀྱིས་འཛམ་གླིང་གི་རིམས་ནད་སྔོན་འགོག་གི་གཡུལ་ལ་ཞུགས་བྱུང་།ཤེས་རྟོགས་བྱུང་བ་ལྟར་ན།ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཧྥ་རན་སེ་དང་།ཧོ་ལན།སི་ཕེན།དབྱི་ཐ་ལི།ལུ་ཙེམ་པའོ། ཧང་ག་རི། སུའེ་ཙེར། ཨུ་རུ་སུ་བཅས་ཡོ་རོབ་རྒྱལ་ཁབ་མང་བོར་རིམས་ནད་སྔོན་འགོག་གི་དངོས་རྫས་སྣ་ཚོགས་ཞལ་འདེབས་སུ་ཕུལ་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཁག་གི་རིམས་ནད་འགོག་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།