ཀྲུང་གོ་མ་ཡིན་པའི་ཏོག་གསར་གློ་ཚད་ཀྱི་ནད་ངོ་བཟུང་བའི་ནད་པ་332331ཡོད།

རྩོམ་པ་པོ།   མུན་ཁེར་སྐྱེས་ཀྱིས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་གནས་ཚུལ་བསྒྲགས་པ་ལྟར་ན། པེ་ཅིང་གི་དུས་ཚོད་ཚེས་25ཉིན་གྱི་དུས་ཚོད་17བར། ཀྲུང་གོ་མ་ཡིན་པའི་ཏོག་གསར་གློ་ཚད་ཀྱི་ནད་ངོ་བཟུང་བའི་ནད་པ་སྔ་ཉིན་ལས་40611ཇེ་མང་དུ་སོང་སྟེ། ཏོག་གསར་གློ་ཚད་ཀྱི་ནད་པ་332331ལ་བསླེབས་ཡོད། ཀྲུང་གོ་མ་ཡིན་པའི་ནད་པ་ཚེ་ལས་འདས་ཚད་2198ཇེ་མང་དུ་སོང་སྟེ། ནད་པ་15153ཚེ་ལས་འདས་ཡོད།

         འཛམ་གླིང་ཧྲིལ་བོའི་མངའ་ཁོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་ངོ་བཟུང་བའི་ནད་པ་སྔ་ཉིན་ལས་40712ཇེ་མང་དུ་སོང་སྟེ། ཏོག་གསར་གློ་ཚད་ནད་པ་414179ལ་བསླེབས་ཡོད། ཚེ་ལས་འདས་པའི་ནད་པ་སྔ་ཉིན་ལས་2202ཇེ་མང་དུ་སོང་སྟེ་18440ལ་བསླེབས་ཡོད།

        འདས་པའི་དུས་ཚོད་24རིང་། རྒྱལ་ཁབ་2ལ་ཏོག་གསར་གློ་ཚད་ཀྱི་ནད་ངོ་བཟུང་བའི་ནད་པ་ཐོག་མར་བྱུང་ཡོད་དེ། དེ་ནི་ལའོ་ཝུའོ་རྒྱལ་ཁབ་དང་ལི་པི་ཡ་རྒྱལ་ཁབ་ཡིན།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།