ཆུ་ཆེན་རྫོང་གི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་6ལྷག་ཟིན།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           དཔྱིད་དུས་ནི་སྐྱེ་དངོས་ཚང་མར་གསོན་ཤུགས་རྒྱས་པའི་དུས་ཡིན། ཉིན་འགའི་སྔོན་དུ་ཆུ་ཆེན་རྫོང་གི་ས་གནས་སོ་སོའི་ཞིང་བ་ཚོ་དཔྱིད་རྨོད་ཀྱི་ལས་ལ་བྲེལ་བཞིན་ཡོད།

           ཆུ་ཆེན་རྫོང་ཆིང་ཉིང་ཡུལ་ཚོའི་གཞུང་ལམ་འགྲམ་ངོགས་ཀྱི་ཞིང་ཁ་རུ་ཞིང་བ་ཚོ་དཔྱིད་རྨོད་ཀྱི་ལས་ལ་བྲེལ་བཞིན་འདུག ཞ་ཁྲང་ལུང་ནི་ཆིང་ཉིང་ཡུལ་ཚོ་ཆིང་ཉིང་གྲོང་སྡེའི་འདེབས་འཛུགས་ཁྱིམ་ཚང་ཞིག་ཡིན་ཞིང་། ཞ་ཁྲང་ལུང་གིས་ད་ལོར་ངེད་ཚང་གིས་མ་རྨོས་ལོ་ཏོག་མུའུ་2འདེབས་རྒྱུ་དང་། དེ་རིང་གནམ་གཤིས་ཡག་པོར་བརྟེན་ནས་ས་སློག་པ་དང་། ལུད་རྒྱག་པ། ས་བོན་བཏབ་ནས་ད་ལོར་ཐོན་འབབ་ཡག་པོ་ཡོང་རྒྱུ་སྨོན་འདུན་ཞུ་བཞིན་ཡོད་ཅེས་བཤད།

           དཔྱིད་རྨོད་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོར་བྱ་ཆེད། ད་ལོར་ཆུ་ཆེན་རྫོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་། ཞིང་བའི་འབབ་འཕར། གྲོང་གསེབ་ཀྱི་སྔོ་ལྗང་བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཤིང་། རྫོང་ཡོངས་ཀྱིས་མ་རྨོས་ལོ་ཏོག་གི་ས་བོན་ཏུན་60དང་། སྔོ་ཚལ་གྱི་ས་བོན་སྤྱི་རྒྱ་150། ཞིང་སྤྱོད་འགྱིག་ཤོག་ཏུན་85། ཞིང་སྨན་ཏུན་15། ལུད་ཏུན་3000བཅས་གྲབས་གསོག་བྱས་ཡོད། མིག་སྔར་ཆུ་ཆེན་རྫོང་གིས་འབྲུ་རིགས་མུའུ་ཁྲི་6ལྷག་བཏབ་ཡོད་ལ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་བའི་ཡོང་འབབ་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།