ཁུལ་ཨུའི་རྩིས་བཤེར་ཨུའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་པ་པོ།   དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་3ཚེས་24ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་རྩིས་བཤེར་ཨུའི་ཀྲུའུ་རེན་ལིའུ་ཕིང་གིས་གཙོ་འགན་བཞེས་ཏེ་ཁུལ་ཨུའི་རྩིས་བཤེར་ཨུའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པར་མ་ཟད་གསུང་བཤད་ཀྱང་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་རྩིས་བཤེར་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་བརྟན་པོར་སྲུང་བ། ལྟ་སྐུལ་མ་ལག་འཐུས་ཚང་དུ་བཟོ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྩིས་བཤེར་ལས་དོན་གཅིག་གྱུར་དུ་དམ་འཛིན་དང་རྩིས་བཤེར་གྱི་རྐང་འཛིན་པ་གསོ་སྐྱོང་བྱས་ཏེ། རྔ་ཁུལ་གྱི་རྩིས་བཤེར་ལས་དོན་སྤུས་བཟང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

          ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་ཨུའི་རྩིས་བཤེར་ཨུའི་ཀྲུའུ་རེན་གཞོན་པ་དབྱང་ཁེ་ཉིང་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་ཀྱང་གནང་།

          གྲོས་ཚོགས་ལས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་རྩིས་བཤེར་ཨུ་དང་ཞིང་ཨུའི་རྩིས་བཤེར་ཨུའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 《2019ལོའི་རྩིས་བཤེར་ལས་དོན་གནས་ཚུལ་གྱི་བརྡ་ཁྱབ》ལ་ཉན་པར་མ་ཟད། ཁུལ་ཨུའི་རྩིས་བཤེར་ཨུའི་ཁོངས་མི་ཁག་གཅིག་དང་། 2020ལོའི་ལོ་འཁོར་གྱི་ལས་ཀའི་གཙོ་གནད། 2020ལོའི་ལོ་འཁོར་གྱི་གཅིག་གྱུར་རྩ་འཛུགས་རྩིས་བཤེར་རྣམ་གྲངས་འཆར་གཞི་སོགས་དོན་ཚན་དག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་།


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།