ཁུལ་དབུལ་སྐྱོར་གནད་སྒྲོལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་15བ་འཚོགས།

རྩོམ་པ་པོ།   རྡོ་རྗེ་དཔལ་གྱིས་བསྒྱུར།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་3ཚེས་23ཉིན། རྔ་བ་ཁུལ་དབུལ་སྐྱོར་གནད་སྒྲོལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་15བ་འབར་ཁམས་སུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཕིང་གིས་གཙོ་འགན་བཞེས་ཤིང་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དབུལ་སྐྱོར་ལས་དོན་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གཏིང་ཟབ་མོར་སློབ་སྦྱོང་དང་ལག་ལེན། ཀྲུང་དབྱང་དང་ཞིང་ཨུའི་འཐབ་ཇུས་བཀོད་སྒྲིག་ནན་གྱིས་དོན་འཁྱོལ་བྱེད་པ། སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་ཚད་ཐིག་དང་དབུལ་ཕོངས་མཐའ་མའི་མཁར་རྫོང་ལ་དམིགས་ནས། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྨང་གཞི་སྔར་བས་བརྟན་པོར་གདིང་བ་དང་ཞན་ཆ་སྔར་བས་གསབ་ནས་དབུལ་བྲལ་གནད་སྒྲོལ་གྲུབ་འབྲས་བརྟན་པོར་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་དགོས།

         ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དབྱང་ཁེ་ཉིང་གིས་མིག་སྔའི་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་བྱེ་བྲག་ཏུ་བཀོད་སྒྲིག་མཛད། ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིན་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀུའུ་ཡུན་ལུང་དང་ཉི་མ་འབུམ། ལི་ཝེ་གོ། ཝུའུ་ལི་ཡན་བཅས་གྲོས་ཚོགས་སུ་ཞུགས་ཡོད།

         གྲོས་ཚོགས་ལས་ཀྲུང་དབྱང་གི་དབུལ་བྲལ་གནད་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུ་དང་དབུལ་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ། ཞིང་ཆེན་གྱི་དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་དོན་སྐུལ་འདེད་ཚོགས་འདུ་དང་ཞིང་ཆེན་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སུམ་ཅུ་བ་དང་ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་སྒོ་འབྱེད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་སྤེལ་རིམ་དང་དུས་རིམ་རྗེས་མའི་གཙོ་གནད་ལས་དོན་གྱི་འཆར་གཞི། དབུལ་བྲལ་གནད་སྒྲོལ་ཡོངས་བཤེར་གནས་ཚུལ་བཅས་ཀྱི་སྙན་ཞུ་ལ་གསན་པར་མ་ཟད། འབྲེལ་ཡོད་གྲོས་དོན་ལ་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།