ཁུལ་ཨུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་འཚོགས།

​ཕེང་ཆིང་ཧྭས་གནང་བའི་རྟོག་ཞིབ་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་ལེན་བྱེད་ཐབས་ལ་ཞིབ་འཇུག་བྱས།

རྩོམ་པ་པོ།   རྡོ་རྗེ་དཔལ་གྱིས་བསྒྱུར།དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཟླ་3ཚེས་23ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གཙོ་འགན་བཞེས་ཏེ་འབར་ཁམས་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་འཚོགས་ཏེ། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་ཕེབས་སྐབས་གནང་བའི་རྟོག་ཞིབ་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་ལེན་བྱེད་ཐབས་ལ་ཞིབ་འཇུག་བྱས།

        གྲོས་ཚོགས་ལས་མིག་སྔ་ནི་རིམས་འགོག་དང་དབུལ་བྲལ་གནད་སྒྲོལ། དཔྱིད་རྨོད་དཔྱིད་འདེབས་སོགས་གནད་འགག་གི་དུས་ཤིག་ཡིན་ལ། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་སྔ་རྗེས་སུ་རང་ཁུལ་གྱི་ལིས་རྫོང་དང་། འབར་ཁམས་གྲོང་ཁྱེར། ཁྲོ་ཆུ་རྫོང་། མའོ་རྫོང་བཅས་སུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས། ཁོང་ཉིད་གྲོང་སྡེ་དང་ཞིང་ཁར་ཕེབས་ནས་གནས་ཚུལ་དངོས་ལ་གཟིགས་ཤིང་དམངས་སེམས་འདྲི་བརྩད། རིམས་འགོག་ཡུལ་ནས་མཛུབ་སྟོན་སོགས་མཛད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་ལ་འཆང་བའི་ཐུགས་ཁུར་དང་གཅེས་སྐྱོང་རེ་རེ་མི་རིགས་ཁག་གི་མང་ཚོགས་ལ་ཚོར་དུ་བཅུག་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་བསྒྲགས་ཤིང་སྐུལ་ལྕག་ཀྱང་མཛད་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། སྒོས་སུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་ཤིང་། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་ཕེབས་སྐབས་གནང་བའི་རྟོག་ཞིབ་མཛུབ་སྟོན་གྱི་བླང་བྱ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བཅས་དང་འབྲེལ་ནས་ཁུལ་བརྟན་ཁུལ་དར་གྱི་ལས་དོན་གཅིག་གྱུར་དུ་ལེགས་པོར་བསྒྲུབས་ཤིང་། ལོ་འཁོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་པར་འགྲུབ་པར་བྱས་ཏེ། ཞིང་ཨུ་དང་ཁུལ་ཡོངས་ཀྱི་མི་དམངས་ལ་རྒྱུགས་ལན་ཚད་ལྡན་གདབ་དགོས་ཞེས་བསྟན།

       གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམས་འགོག་མུ་མཐུད་དུ་དམ་པོར་བཟུང་སྟེ། གནད་སྨིན་སྔོན་འགོག་དང་ཚན་རིག་སྔོན་འགོག ཁྲིམས་ལྟར་སྔོན་འགོག་བཅས་བྱས་ནས་རིམས་འགོག་གི་འབྲས་བཟང་རྨེག་མེད་དུ་གཏོང་མི་རུང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པར་སླར་གསོ་དང་། “བདེ་འཇགས་གཉིས་”འགན་ལེན་པའི་སྔོན་འགྲོའི་ཆ་རྐྱེན་འོག དཔྱིད་རྨོད་དཔྱིད་འདེབས་ལེགས་སྒྲུབ་དང་། མཛེས་ལྗོངས་གཙོ་གྲས་ཀྱི་སྒོ་འབྱེད་པ། སློབ་ཁྲིད་སླར་གསོ་གྲ་སྒྲིག་སོགས་ཀྱི་ལས་ཀར་བརྩོན་དགོས། རིམས་འགོག་མི་ལྷོད་པར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། དབུལ་བྲལ་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམིགས་འབེན་མི་འགྱུར་བ་དང་བརྩོན་པ་ལྷོད་མི་རུང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དམ་པོར་བཟུང་སྟེ“གཅིག་འཕར་གཅིག་ཆག”གི་རྩ་དོན་གཞིར་བཟུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། སྒྲིག་སྲོལ་འཐུས་ཚང་དུ་བཟོས་ཏེ་“སྒྲིབ་དངོས་གཅིག་དང་རྒྱུད་བཞི། ཁོངས་ཡོངས་སྐྱེ་ཁམས”ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་རིག་གནས་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་། 2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གཉེར་བའི་རེ་འདུན་ཞུས་ནས་ཁོངས་ཡོངས་ལྗོངས་སྐོར་ལ་སྐུལ་འདེད་གཏོང་དགོས། དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་གངས་རི་དང་རྩྭ་ཐང་ཞེས་པའི་རྒྱང་སྐྱོད་བརྗོད་དོན་གཙོ་བོར་གྱུར་པའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས། དགོན་སྡེར་ཁྲིམས་ལྟར་དོ་དམ་དང་ཀུན་ནས་ཤུགས་སྣོན་པ་དང་ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

       གྲོས་ཚོགས་ལས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལ་བསྐྱར་དུ་སློབ་སྦྱོང་བྱས་པར་མ་ཟད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།