སི་ཁྲོན་ཞིང་ཆེན་གྱིས་བཀའ་རྒྱ་ཁག་ཅིག་མཚམས་འཇོག་རྒྱུ་བྱས་འདུག

རྩོམ་པ་པོ།   དུས་ཚོད།   2020-03-26   རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

སི་ཁྲོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་མཁོ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས།

(ཨང་14བ།)


          རང་ཞིང་གི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་ཆེད། རང་ཞིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་མཁོ་བསྟུན་བཀོད་འདོམས་པུའུ་ཡིས་སྔོན་དུ་ཁྱབ་བསྒྲགས་བྱས་ཟིན་པའི་ནང་དོན་ཁག་ཅིག་མཚམས་འཇོག་པ་དང་བཅོས་སྒྲིག་བྱས་ཡོད་པ་གཤམ་གསལ་ལྟར་རོ།།

          གཅིག སྤྱི་བསྒྲགས་ཨང་2པའི་དོན་ཚན་དང་པོའི་ནང་“ཚོགས་ཁག་རང་བཞིན་ལྡན་པའི་གཅིག་སྡུད་བྱེད་སྒོ་སྤེལ་མཚམས་འཇོག་པ་དང་། འགོ་མཆེད་ཀྱི་ཉེན་ཁ་ཡོད་པའི་ཚོང་གཉེར་སྡེ་ཚན་སྟེ། དཔེར་ན་གླུ་གར་རོལ་རྩེད། དྲ་ཐོག་ཞབས་ཞུའི་ས་གནས། ལས་གཉེར་རང་བཞིན་གྱི་འགྲིག་ཤོ་ཁང་། བྱིས་པའི་རྩེད་ར་ཆེ་གྲས། ལུས་སྦྱོང་ཁང་། ཁང་པའི་ནང་རོལ་གྱི་ཆུ་རྐྱལ་ཁང་སོགས་ཀྱིས་ལས་གཉེར་བྱེད་མཚམས་འཇོག་པ་དང་། གནས་སྐབས་ཚོགས་སྤྱིའི་རང་བཞིན་གྱི་གསོལ་སྟོན་གཏན་འགོག་བྱེད་པ་(གྲོང་གསེབ་ཀྱི་ཚོགས་པའི་རང་བཞིན་ལྡན་པའི་གསོལ་སྟོན)བཅས་དང་། དོན་ཚནགཉིས་པའི་ནང་གི་“2020ལོའི་ཟླ་1ཚེས་10ཉིན་ནས་བཟུང་། ཝུའུ་ཧན་སོགས་རིམས་ནད་ས་ཁུལ་ནས་སི་ཁྲོན་ལ་ཡོང་མཁན་གྱིས་རང་འགུལ་ངང་ཁྱིམ་དུ་ཉིན་བཅུ་བཞི་”ལ་ལོགས་བཀར་བྱེད་པའི་གཏན་འཁེལ་མཚམས་འཇོག་རྒྱུ།

          གཉིས། སྤྱི་བསྒྲགས་ཨང3པའི་དོན་ཚན་གཉིས་པའི་ནང་“འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་སྐྱེད་རྒྱ་སྐྱེད་གཏོང་རྒྱུར་སྐུལ་ལྕག་དང་། ལག་རྩལ་བསྒྱུར་བཀོད་གང་མགྱོགས་བྱས་ཏེ། ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་སྤུས་ཀ་ཇེ་ལེགས་སུ་བཏང་ནས་ཐོན་ནུས་ཆེ་རུ་གཏོང་བ། ཆ་རྐྱེན་ངེས་ཅན་ལྡན་པའི་ཁེ་ལས་ཀྱིས་རིགས་བསྒྱུར་ཐོན་སྐྱེད་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དངོས་རྫས་འཛོམས་པར་རྒྱབ་སྐྱོར་བྱ་དགོས་པ། བབ་བསྟུན་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་“གེག་མེད་བགྲོད་ལམ་”གྱི་གཏན་འབེབས་མཚམས་འཇོག་རྒྱུ།

          གསུམ། སྤྱི་བསྒྲགས་ཨང་4པའི་དོན་ཚན་བཞི་པའི་ནང་“རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་དགོས་མཁོ་ཆེ་བའི་དངོས་ཟོག་དང་། སྨན་པ་དང་ནད་པ་སྐྱེལ་བསུ་བྱེད་པའི་རླངས་འཁོར་གྱིས་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་སྐྱོང་སྡེ་ཁག་ལ་ལམ་ཡིག་སྤྲོད་རེ་ཞུས་ཆོག་པ་དང་། རིན་མི་དགོས་པར་སྔོན་ལ་མྱུར་བགྲོད་གཞུང་ལམ་དུ་ཤར་བགྲོད་ཐུབ་པའི་རེ་ཞུ་ཞུས་ཆོག”ཅེས་པའི་གཏན་འབེབས་མཚམས་འཇོག་རྒྱུ།

          བཞི། སྤྱི་བསྒྲགས་ཨང་5པའི་དོན་ཚན་གཉིས་པའི་ནང་“ཧུའུ་པེ་སོགས་རིམས་ནད་བྱུང་ཁུལ་གཙོ་བོ་ནས་ཡོང་བའི་ལས་བཟོ་པ་ཚང་མར་སྨན་བཅོས་རིག་པའི་རྟོག་དཔྱོད་དམ་ཁྱིམ་སྡོད་ལོགས་སུ་བཀར་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་དགོས།”ཞེས་པའི་གཏན་འབེབས་མཚམས་འཇོག་རྒྱུ།

          ལྔ། སྤྱི་བསྒྲགས་ཨང་6པའི་དོན་ཚན་གཉིས་པའི་ནང་“རིམས་ནད་བྱུང་སྐབས་འགྲིག་ཤོ་ཁང་དང་ཇ་ཁང་། དྲ་ཁང་སོགས་འགོ་མཆེད་ཀྱི་ཉེན་ཁ་ཡོད་པའི་ཚོང་གཉེར་བྱེད་གནས་ཀྱིས་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་རྒྱུ་”དང་། དོན་ཚན་གསུམ་པའི་ནང་“ཚོགས་སྤྱིའི་རང་བཞིན་གྱི་མཉམ་འཛོམས་བྱེད་སྒོ་གནས་སྐབས་སྒྲིག་འཛུགས་བྱེད་མཚམས་འཇོག་རྒྱུ།”ཞེས་པའི་སྐོར་གྱི་གཏན་འབེབས་དག་མཚམས་འཇོག་རྒྱུ།

         དྲུག སྤྱི་བསྒྲགས་ཨང་9པའི་དོན་ཚན་བཞི་བའི་ནང་“རོལ་རྩེད་ས་ཁོངས་ཀྱི་སྒོ་རྒྱག་པ་དང་། ཚོང་ཁྲོམ་གྱི་ཆང་ཁང་དང་གློག་བརྙན་ཁང་། གློག་རྡུལ་རོལ་རྩེད་ཁང་སོགས་མི་སྣ་འདུས་མང་པའི་རོལ་རྩེད་ཁང་གི་སྒོ་རྒྱག་པ། མ་བུ་ཁང་དང་བྱིས་པའི་རོལ་རྩེད་ཁང་། ཁང་པའི་ནང་རོལ་གྱི་རོལ་རྩེད་ཞབས་ཞུ་སོགས་ཀྱི་མཚམས་འཇོག་རྒྱུའི་སྐོར་གྱི་གཏན་འབེབས་མཚམས་འཇོག་རྒྱུ།

        བདུན། སྤྱི་བསྒྲགས་ཨང་12པའི་དོན་ཚན་གསུམ་པའི་ནང་གི་“ཡན་ལག་ས་ཁུལ་གྱི་ལས་ཀ་ལས་བ་དང་ཁ་འཐོར་དུ་ཟ་མ་ཟ་བའི་”གཏན་འབེབས་མཚམས་འཇོག་པ་དང་། དོན་ཚན་དང་པོའི་ནང་གི་“ཧུའུ་པེ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་”ཞེས་པའི་གསལ་བཤད་བསུབ་ཡོད།

        བརྒྱད། སྤྱི་བསྒྲགས་ཨང་13པའི་དོན་ཚན་བཞི་བའི་ནང་“རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་པའི་དངོས་རྫས་དང་། སྨན་པ་དང་ནད་པར་མཁོ་བའི་རླངས་འཁོར་རིགས་ཀྱིས་འགྲིམ་འགྲུལ་གཙོ་སྐྱོང་སྡེ་ཁག་ནས་ཤར་བགྲོད་ཆོག་པའི་དཔང་ཡིག་ལེན་པ་དང་རིན་མི་དགོས་པར་མྱུར་བགྲོད་གཞུང་ལམ་ལས་སྔོན་དུ་བསྐྱོད་ཆོག་པ་བྱེད་པ་དེ་“རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རིན་བསྡུའི་གཞུང་ལམ་གྱིས་རླངས་འཁོར་རིགས་ཀྱི་ཤར་བགྲོད་འགྲོ་གྲོན་མི་ལེན་པའི་སྲིད་ཇུས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག རིམས་ནད་སྔོན་འགོག་བྱེད་པའི་དངོས་རྫས་དང་མི་སྣ་སྐྱེལ་བསུའི་རླངས་འཁོར་གྱི་བགྲོད་ལམ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིང་པ་ལས་མི་ཕྱིར་ལོག་པའི་ལམ་རྟགས། རིམས་ནད་སྔོན་འགོག་གི་ཉེན་ཁ་ཆེ་བའི་དངོས་རྫས་དང་སྨན་ཁང་ནས་ཕྱིར་སླེབས་པའི་མི་སྣ་སྐྱེལ་བའི་རླངས་འཁོར་རིགས་དང་། རླངས་འཁོར་སོགས་འདུག་མི་དགོས་པ་དང་ཞིབ་བཤེར་མི་དགོས་པ། སྔོན་ལ་བསྐྱོད་ཆོག་པའི་”གཏན་འབེབ་བསྒྱུར་ཡོད་ལ། དོན་ཚན་དང་པོའི་ནང་གི་“ཧུའུ་པེ་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གནད་ཆེའི་ས་ཁུལ་”ཞེས་པའི་གསལ་བཤད་བསུབ་ཡོད།

སི་ཁྲོན་ཞིང་ཆེན་ཏོག་གསར་གློ་ཚད་མཁོ་བསྟུན་བཀོད་འདོམས་པུའུ་ཡིས2020ལོའི་ཟླ3ཚེས25ཉིན།