རང་ཞིང་དང་རྒྱལ་ཡོངས། འཛམ་གླིང་གི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ།

རྩོམ་པ་པོ།   དུས་ཚོད།   2020-03-25   རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

སི་ཁྲོན་གྱི་གནས་ཚུལ།

       ཟླ3ཚེས24ཉིན་གྱི་དུས་ཚོད0ནས24བར་དུ། རང་ཞིང་དུ་ཏོག་གསར་གློ་ཚད་ཅན་གྱི་ནད་པ2བྱུང་འདུག (1.ཐང་ཆེ་གེ་མོ་ནི་ཟླ3ཚེས17ཉིན་ཨ་རི་ནས་ཁ་ན་ཏར་བསླེབས་པ་དང་།ཟླ་3པའི་ཚེས་21ཉིན་ཁ་ན་ཏ་ནས་ཞང་ཀང་ལ་བསླེབས། ཟླ་3པའི་ཚེས་22ཉིན་ཞང་ཀང་བརྒྱུད་ནས་ཁྲིན་ཏུའུ་རུ་ཐོན་རྗེས། ལོགས་སུ་བཀར་ནས་སྨན་བཅོས་རིག་པའི་རྟོག་དཔྱོད་བྱས་རྗེས། ཟླ3ཚེས24ཉིན་ནད་ངོས་བཟུང་། 2.ཙུའུ་ཆེ་གེ་མོ་ནི་ཟླ3ཚེས22ཉིན་དབྱིན་ཇི་ནས་ཧྲང་ཧེ་བརྒྱུད་ཟླ3ཚེས23ཉིན་ཁྲིན་ཏུའུ་རུ་ཐོན་རྗེས་ལོགས་སུ་བཀར་ནས་སྨན་བཅོས་རིག་པའི་རྟོག་དཔྱོད་བྱས་རྗེས། ཟླ3ཚེས24ཉིན་ནད་ངོས་བཟུང་།)མི་འདི་གཉིས་ལ་འབྲེལ་འདྲེས་ཡོད་མཁན་ལ་རྗེས་དེད་དང་ལོགས་སུ་བཀར་ནས་རྟོག་དཔྱོད་བྱེད་བཞིན་ཡོད། གཞན་གསར་དུ་ནད་ངོས་བཟུང་བའི་ནད་པ་མེད་ལ། སྨན་ཁང་ལས་བུད་པའི་ནད་པ་ཡང་མེད། གསར་དུ་དོགས་ཡོད་ནད་པ་བྱུང་མེད་ལ། ཚེ་ལས་འདས་པའི་ནད་པ་ཡང་མེད།

       ཟླ3ཚེས25ཉིན་གྱི་དུས་ཚོད0བར་དུ། རང་ཞིང་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ547ཡོད་པ་དང་།སྨན་ཁང་ནས་བུད་པའི་ནད་པ་536  ནད་པ་3་ཚེ་ལས་འདས། མིག་སྔར་སྣ་ཁང་དུ་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་ནད་པ་8 (ཚང་མ་ཕྱི་རྒྱལ་ནས་ཕྱིར་ཡོང་བའི་བའི་ནད་པ་ཡིན།) 

       རང་ཞིང་གི་རྫོང(གྲོང་ཁྱེར། ས་ཁུལ)183ཉེན་ཁ་ཆུང་བའི་ས་ཁུལ་དུ་གྱུར་ཡོད།

       ད་ལྟ་དོགས་ཡོད་ནད་པ་མེད།

        ད་ལྟ་མི648ལ་སྨན་བཅོས་རིག་པའི་རྟོག་དཔྱོད་བྱེད་བཞིན་ཡོད།

རྒྱལ་ཡོངས་ཀྱི་གནས་ཚུལ།

       ཟླ3ཚེས24ཉིན་གྱི་ཆུ་ཚོད0པ་ནས24བའི་བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སྙན་ཞུ་ལྟར་ན། གསར་དུ་འཕར་བའི་ནད་པ48ཡོད་པ་དང་། ནད་པ4ཚེ་ལས་འདས་ཡོད། གསར་དུ་འཕར་བའི་དོགས་ཡོད་ནད་པ33ཡོད་པ་རེད།ཚང་མ་ཕྱིའི་རྒྱལ་ཁབ་ནས་འགོས་པའི་ནད་པ་རེད།

       ཉིན་དེར་སྨན་ཁང་ནས་བུད་པའི་ནད་པ491ཡོད་པ་དང་སྨན་བཅོས་རིག་པས་རྟོག་དཔྱོད་བྱེད་དགོས་པའི་འབྲེལ་གཏུག་བྱེད་མཁན་གྱི་མི1215ལ་ནད་འགོས་མེད་པ་གཏན་འཁེལ་བྱས་ཤིང་། ནད་གཞི་ལྕི་བའི་ནད་པ174ཉུང་དུ་ཕྱིན་ཡོད།

        ཟླ3ཚེས24ཉིན་གྱི་ཆུ་ཚོད24བར་ལ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སྙན་ཞུར་གཞིགས་ན། ད་ལྟ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ4287(དེའི་ནང་ནད་གཞི་ལྕི་བའི་ནད་པ1399ཡོད)ཡོད་པ་དང་། རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་པ73650དྲག་སྐྱེད་བྱུང་ཡོད་ལ། ཚེ་ལས་འདས་པའི་ནད་པ3281དང་། ནད་གཞི་གཏན་འཁེལ་བྱས་པའི་ནད་པ81218ཡོད་པ་དང་། ད་ལྟ་དོགས་ཡོད་ནད་པ134ཡོད་ལ། འབྲེལ་གཏུག་དམ་ཟབ་བྱེད་མཁན་མི693223ལ་རྗེས་འདེད་ལྟ་རྟོགས་བྱས་ཟིན་པ་དང་། ད་དུང་སྨན་བཅོས་རིག་པས་རྟོག་དཔྱོད་བྱེད་བཞིན་པའི་འབྲེལ་གཏུག་དམ་ཟབ་བྱེད་མཁན་མི13356ཟིན་ཡོད།

       ཧུའུ་པེ་རུ་གསར་དུ་ནད་གཞི་གཏན་འཁེལ་གྱི་ནད་པ་བྱུང་མེད་པ་དང་། གསར་དུ་སྨན་ཁང་ནས་བུད་པའི་ནད་པ487(ཝུའུ་ཧན་གྱི་ནད་པ472)གསར་འཕར་བྱུང་ཡོད་ལ། གསར་དུ་ཚེ་ལས་འདས་པའི་ནད་པ3(ཝུའུ་ཧན་དུ་ནད་པ2)ཡོད། ད་ལྟ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ3828(ཝུའུ་ཧན་དུ་ནད་པ3794)ཡོད་པ་བཅས་ཀྱི་ནང་ནས་ནད་གཞི་ལྗིད་གྲས1368(ཝུའུ་ཧན་དུ་ནད་པ1358)ཡོད་པ་རེད། རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་པ60810བྱུང་ཡོད་པ་དང་།(ཝུའུ་ཧན་གྱི་ནད་པ43686ཡོད།) རིམ་རྩིས་བྱས་ན་ཚེ་ལས་འདས་པའི་ནད་པ3163(ཝུའུ་ཧན་གྱི་ནད་པ2526)དང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ67801(ཝུའུ་ཧན་དུ་ནད་པ50006ཡོད།) དོགས་ཡོད་ནད་པ0(ཝུའུ་ཧན་དུ་ནད་པ0ཡ།)། ད་ལྟ་དོགས་ཡོད་ནད་པ0(ཝུའུ་ཧན་དུ་ནད་པ0།)།

       ཟླ3ཚེས24ཉིན་གྱི་ཆུ་ཚོད0པ་ནས24བའི་བར་ཕྱི་ནས་ཡོང་བའི་གཏན་འཁེལ་ནད་པ74ཡོད།(  པེ་ཅིང་ལ་ནད་པ5།  ཀོང་ཏུང་ལ་ནད་པ5། ཧྲང་ཧེ་ལ་ནད་པ19། ཧྥུའུ་ཅན་ལ་ནད་པ4། ཐེན་ཅེན་ལ་ནད་པ4། ཅང་སུའུ་ལ་ནད་པ2། ཀྲེ་ཅང་ལ་ནད་པ1། སི་ཁྲོན་ལ་ནད་པ2། ཧྲན་ཞི་ལ་ནད་པ1། ཅི་ལེན་ལ་ནད་པ1། ཧྲན་ཏུང་ལ་ནད་པ1།) ཟླ3ཚེས24ཉིན་གྱི་ཆུ་ཚོད24བའི་བར་ཕྱི་ནས་ཡོང་བའི་ནད་པ་བསྡོམས་པའི474ཡོད་པ་རེད།

         ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ལྟར་ན། ནད་གཞི་གཏན་འཁེལ་བྱུང་བའི་ནད་པ628བྱུང་ཡིད་པ་སྟེ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་པ386(སྨན་ཁང་ནས་བུད་པའི་ནད་པ102བུད་པ་དང་ཚེ་ལས་འདས་པའི་ནད་པ4ཡོད།)ཡོད་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་པ26(སྨན་ཁང་ནས་བུད་པའི་ནད་པ10ཡོད།)ཡོད་ལ། ཐའེ་ཝན་ས་ཁུལ་དུ་ནད་པ216(སྨན་ཁང་ནས་བུད་པའི་ནད་པ29ཡོད་པ་དང་ཚེ་ལས་འདས་པའི་ནད་པ2ཡོད།)ཡོད་པ་རེད།

ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ།

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས24ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་དག་ཏུ་ཏོག་གསར་གློ་ཚད་ཅན་གཏན་འཁེལ་བྱས་པའི་ནད་པ291010ལ་བསླེབས་ཡོད་པ་རེད།  

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་ཚེས23ཉིན་གྱི་དུས་ཚོད10(པེ་ཅིང་གི་ཚེས23ཉིན་གྱི་ཆུ་ཚོད17།)བར་ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཅན་གཏན་འཁེལ་གྱི་ནད་པ་དེ་ཉིན་སྔོན་མ་ལས39681མང་དུ་ཕྱིན་པས། ནད་པ291010ཟིན་ཡོད་ལ། ཀྲུང་གོ་ལས་རྒྱལ་ཁབ་གཞན་དུ་ཚེ་ལས་འདས་པའི་ནད་པ་ཉིན་སྔོན་མ་དང་བསྡུར་ན1715འཕར་སྣོན་བྱུང་བས་བསྡོམས་པའི་ནད་པ12948ཚེ་ལས་འདས་འདུག 

        གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཏོག་གསར་གློ་ཚད་ཅན་གཏན་འཁེལ་བྱས་པའི་ནད་པ་དེ་ཉིན་སྔོན་མ་ལས39827མང་དུ་ཕྱིན་པས། བསྡོམས་པའི་ནད་པ372757བྱུང་ཡོད། ཚེ་ལས་འདས་པའི་ནད་པ་ནི་ཉིན་སྔོན་མ་དང་བསྡུར་ན1722འཕར་སྣོན་བྱུང་བས། ད་སྐབས16231ལ་སླེབས་ཡོད་པ་རེད།

         འདས་པའི་དུས་ཚོད་ཉེར་བཞིའི་ནང་དུ། འབར་མ་དང་པོའོ་ལེ་ཚི།ཏོའོ་མེ་ནེ་ཁུ།ཐུག་ཁུ་སི། ཁའེ་ཁུ་སི་གླིང་ཚོམ་བཅས་སུ་གསར་དུ་ཏོག་གསར་གློ་ཚད་ཅན་བྱུང་བའི་སྙན་ཞུ་འབྱོར་ཡོད་པ་རེད། 

སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར (ཁུལ) ཁག་གི་ནད་པའི་གནས་ཚུལ་རེའུ་མིག

2020ལོའི་ཟླ03ཚེས25ཉིན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།