ཝུའུ་ཧན་གྲོང་ཁྱེར་དུ་དུག་སེལ་ཆེན་པོ་བྱེད་བཞིན་འདུག

རྩོམ་པ་པོ།   དུས་ཚོད།   2020-03-25   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཟླ་བ་གཉིས་ཀྱི་སྔོན་ཏེ།

ཟླ་1པོའི་ཚེས་23ཉིན།

ཝུའུ་ཧན་གྱི་སྤྱི་སྤྱོད་རླངས་འཁོར་དང་།

ས་འོག་ལྕགས་ལམ་བཅས་སྤྱོད་མཚམས་བཞག་པ་རེད།

ཟླ་བ་གཉིས་ཀྱི་རྗེས་ཏེ།

ཟླ་3པའི་ཚེས་23ཉིན།

ལམ་ཐིག་110ལྷག་གི་སྤྱི་སྤྱོད་རླངས་འཁོར།

ཚོད་ལྟར་རྒྱུག་འགོ་བརྩམས་པ་དང་།

ཧན་ཁོའུ་མེ་འཁོར་འབབ་ཚུགས་དང་། 

ས་འོག་ལྕགས་ལམ་འབབ་ཚུགས།

ཁྱོན་ཡོངས་ནས་དུག་སེལ་བྱས་ཤིང་།

གནས་ཚུལ་རིམ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་།

གྲོང་ཁྱེར་གྱི་ནུས་པ་དང་གྲོང་མིའི་འཚོ་བ་ཡང་།

སྒྲིག་རིམ་ལྡན་པའི་ངང་སླར་གསོ་བྱུང་དང་འབྱུང་བཞིན་ཡོད།

ཟླ་3པའི་ཚེས་23ཉིན་གྱི་སྔ་དྲོ།

ཝུའུ་ཧན་ས་འོག་ལྕགས་ལམ་གྱིས།

ཁྱོན་ཡོངས་ཀྱི་དུག་སེལ་བྱེད་འགོ་བརྩམས་པ་དང་།

ཧན་ཁོའུ་མེ་འཁོར་འབབ་ཚུགས་སོགས།

ས་འོག་ལྕགས་ལམ་འབབ་ཚུགས་སུ།

གཙང་སྦྲ་བྱེད་མཁན་གྱིས་དུག་སེལ་བྱེད་ཆས་བཟུང་ནས།

འབབ་ཚུགས་ཀྱི་ཚོམས་ཆེན་དང་འབབ་ཚུགས་སྟེགས་བུ་སོགས་སུ།

ལྷག་ལུས་མེད་པའི་དུག་གསོད་དང་གཙང་སྦྲ་བྱས་ཡོད།

མིག་སྔར།

ཝུའུ་ཧན་གྱི་ས་འོག་ལྕགས་ལམ་གྱི་ལམ་ཐིག་མང་པོ་ཞིག

ལམ་ཐོག་ཏུ་ཚོད་ལྟར་བསྐྱོད་འགོ་ཚུགས་པ་དང་།

ག་དུས་དངོས་སུ་སླར་གསོ་བྱ་རྒྱུའི་སྐོར།

ད་དུང་ཁྱབ་བསྒྲགས་བྱས་མེད།


ཉིན་འགའི་སྔོན་ཏེ།

ཟླ་3པའི་ཚེས་20ཉིན།

རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི།

གནམ་སྔོན་པོ་རོགས་སྐྱོབ་རུ་ཁག་གི་རུ་མི་རྣམས།

ཝུའུ་ཧན་ཧན་ཁོའུ་མེ་འཁོར་འབབ་ཚུགས་སུ་འཛོམས་ནས།

ཉིན་58རིང་སྒོ་བརྒྱབ་པའི་མེ་འཁོར་འབབ་ཚུགས་ལ།

ཁྱོན་ཡོངས་ཀྱི་དུག་སེལ་བྱས་པ་རེད།

རུ་མི་རྣམས་ཀྱིས་རྒྱབ་ཏུ།

དབྱང་གཉིས་ཁིལ་རྫས་དུག་སེལ་གཤེར་ཁུ་འཁུར་ཞིང་།

ལག་ཏུ་སྦུག་ཟུང་རླངས་གཏོར་བྱེད་ཆས་བཟུང་སྟེ།

མེ་འཁོར་འབབ་ཚུགས་ཀྱི་ས་ངོས་དང་གློག་སྐས།

འདུག་སྟེགས་སོགས་སྤྱི་བའི་སྒྲིག་ཆས་ཡོངས་ལ།

ཁྱོན་ཡོངས་ཀྱི་དུག་སེལ་བྱས་པ་རེད།

མེ་འཁོར་འབབ་ཚུགས་ཀྱི་སྒོ་ཕྱེ་བའི་དུས་ཚོད།

ད་དུང་གཏན་འཁེལ་བྱས་མེད་མོད།

ཡིན་ནའང་སྒོ་ཕྱེ་བའི་ཉིན་མོ་དེ།

ང་ཚོ་དང་བར་ཐག་ཇེ་ཉེར་འགྲོ་བཞིན་པ།

ང་ཚོར་ཡིད་ཆེས་ཡོད།


ཟླ་བ་གཉིས་ལྷག་གི་རིང་།

ང་ཚོ་ཐེངས་དང་པོར་མེ་ཏོག་ཡིང་ཧྭའི་

འདབ་མ་ལྷུག་པར་གྲོལ་བའི་དུས་ལ་འཕྲད་མ་ཐུབ།

ཡིན་ནའང་།

གྲོང་ཁྱེར་འདིའི་ཉི་ཤར་དང་ཉི་ནུབ། 

དཔྱིད་དབྱར་སྟོན་དགུན།

ང་ཚོ་དང་ནམ་ཡང་ཁ་བྲལ་མྱོང་མེད།

ང་ཚོ་ཆེས་དགའ་བའི་ཝུའུ་ཧན་དེ།

མི་འགྱངས་བར་ང་ཚོ་དང་སླར་ཡང་འཕྲད་ཡོང་ངེས།

ཝུའུ་ཧན། ཤུགས་རྒྱོབ།

ཀྲུང་གོ ། ཤུགས་རྒྱོབ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།