ཧ་ཀུང་ཁྲོང་ཞང་ཚན་རྩལ་ཀུང་སིས་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།   དུས་ཚོད།   2020-03-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

 

         ཟླ་3ཚེས་23ཉིན་གྱི་ཕྱི་དྲོར། ཧ་ཀུང་ཁྲོང་ཞང་ཚན་རྩལ་ཚད་ཡོད་ཀུང་སི་འབར་ཁམས་གྲོང་ཁྱེར་དུ་ཡོང་ནས། རང་ཁུལ་གྱི་སློབ་གསོའི་ཁོངས་གཏོགས་གྱི་ལས་ཁུངས་རྣམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམིགས་ཏེ་ཞིབ་འཇུག་གསར་སྤེལ་བྱས་པའི་སློབ་གྲྭའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དོ་དམ་ལས་སྟེགས་ཤིག་དང་། ལེ་ལག་ཚང་བའི་སྒྲིག་ཆས་ཆ་ཚང་100དངོས་སུ་ཞལ་འདེབས་སུ་ཕུལ་ནས་རང་ཁུལ་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རམ་འདེགས་བྱས། ཞལ་འདེབས་འབུལ་བའི་བྱེད་སྒོར། ཁུལ་སློབ་གསོ་ཅུས་ཀྱིས་ཧ་ཀུང་ཁྲོང་ཞང་ཚན་རྩལ་ཚད་ཡོད་ཀུང་སིར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་དང་། བྱེད་སྒོའི་ཡུལ་དངོས་ནས་ཀུང་སིའི་སྤྱི་གཉེར་བ་ལིའང་ཁྲའོ་ལ་གཟི་བརྗིད་དཔང་ཡིག་སྤྲད། 


        མིག་སྔར་ཁུལ་ཡོངས་ཀྱི་སློབ་གྲྭས་སློབ་མགོ་འཛིན་པའི་ལས་དོན་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། སློབ་གྲྭར་མི་སྣ་འདུས་ཚད་ཆེ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྕི་བ། རིམས་འགོག་དངོས་རྫས་དགོས་མཁོ་ཆེ་བ་བཅས་ཀྱི་གནད་དོན་སེལ་ཆེད་དུ། ཧ་ཀུང་ཁྲོང་ཞང་ཚན་རྩལ་ཚད་ཡོད་ཀུང་སིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཀའ་ངལ་སེལ་རོགས་བྱས། དེ་དང་ཆབས་ཅིག་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཅན་ཚོའི་འབད་བརྩོན་འོག་ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ། དགེ་སློབ་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་ཐུབ་ངེས་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།