རླབས་ཆེན་གྱི་ཨ་མ།

རྩོམ་པ་པོ།   སྨོན་སྒྲོན། དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གནམ་ས་འདྲེས་པའི།

ལྷོ་ནུབ་ཀྱི་མཚམས་སུ།

ལེ་བར་དང་ལེ་བར་བརྒལ་བའི།

རྒྱང་རིང་གི་ཡུལ་ན།

རྨི་ལམ་དང་མངོན་སུམ་ལ་རྟག་ཏུ་འཆར་བའི།

མཚར་སྡུག་གི་ཨ་མ།

རེ་བའི་བུ་མོ་ས་མཐའ་རུ་འགྲོ་དུས།

ཨ་མ་དྲན་པའི་མིག་ཆུ་ཤམ་ཤམ་དུ་འཁོར་ཡོང་།

ཨ་མ་ལགས།

ཁྱེད་ཀྱིས་ང་ལ་བཤད་མྱངས་པའི་བསླབ་བྱ་རེ་རེ་ནི།

ང་འཛམ་གླིང་ལ་བགྲོད་པའི་ཁ་ཕྱོགས་རེ་རེ་ཡིན།

ཨ་མ་ལགས།

ཁྱེད་ཀྱི་ཡ་ཐོད་དུ་མཆིས་པའི་གཉེར་མ་རེ་རེ་ནི།

ང་སློབ་སྦྱོང་ལ་ཕྱོགས་པའི་ཟིལ་ཤུགས་རེ་རེ་ཡིན།

ཨ་མ་ལགས།

ཁྱེད་ཀྱི་མགོ་ཐོག་ཏུ་གནས་པའི་སྐྲ་དཀར་རེ་རེ་ནི།

ངས་རང་ཉིད་ལ་བསྐུལ་བའི་གསོན་ཤུགས་རེ་རེ་ཡིན།

ཨ་མ་ལགས།

ཁྱེད་ཀྱི་ལུས་ཟུངས་སྒུར་བའི་ཚུགས་ཀ་རེ་རེ་ནི།

ང་དུས་རབས་ཀྱི་མྱུ་གུ་ཡིན་པའི་འདུ་ཤེས་རེ་རེ་ཡིན།

ཨ་མ་ལགས།