ལམ་བར་གྱི་སྙན་ངག

རྩོམ་པ་པོ།   རྣོ་ཟུར། དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རླངས་འཁོར་མགྱོགས།

ས་གཞི་རྗེས་སུ་བཞག

ཕྱག་འཚལ་པ་མང་པོ་སྟོད་ཉི་མ་ལྷ་སར་ཕྱོགས།

སྒེའུ་ཁུང་ཕྱི་རོལ་གྱི་སྐར་མ།

ཁྱོད་ཀྱི་ཟུར་མིག་བཞིན་ང་ལ་འཁྱུད།

ཟླ་བ་དེའང་སེམས་པ་བཞིན་དཀར་སེང་སེང་།

རྫིང་བུའི་ཁ་རུ་གཤོག་པ་ལྷེམ་ལྷེམ་ལྡེམ་པའི་ངང་བ་དེས།

ང་ལ་དེ་རིང་གི་ཁེར་རྐྱང་ལས་ལྡོག་པའི་ལུང་བསྟན།

ངས་ཁ་པར་གྱི་འཆར་ངོས་སུ་ལྗོན་པ་འགའ་སྒྲིག

ཐ་སྙད་རེ་རེས་སྨུག་པ། ཟླ་བ། ནགས་ཚལ་འགའ་བྲིས།

རླངས་འཁོར་མདུན་དུ་འདུར།

མི་ཚོགས་ཀྱི་ངོ་གདོང་རེ་རེས།

ང་ལ་མགྲོན་འབོད་བྱ་བཞིན་འདུག