ཧུང་ཡོན་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་མ་རྩ་གཉིས་ ཀྱི་རྣམ་གྲངས་ལས་མགོ་ཚུགས་པར་སྐུལ་སྤེལ་བཏང་།

རྩོམ་པ་པོ།   ​གསང་བདག་སྒྲོལ་མ།དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རིམས་ནད་ཀྱི་གནོད་པ་ལས་གཡོལ་བ་དང་། མ་རྩ་གཉིས་ཀྱི་རྣམ་གྲངས་ལག་བསྟར་དོ་དམ་ལ་སྔར་བས་ཤུགས་བསྣན་ནས་གོ་རིམ་ལྡན་པའི་ངང་ལས་མགོ་ཚུགས་ཆེད། ཟླ་3ཚེས་11ནས་ཚེས་15ཉིན། ཧུང་ཡོན་རྫོང་གི་མི་རིགས་ཆོས་ལུགས་ཅུས་ཀྱིས(རྫོང་གི་མ་རྩ་གཉིས་ཀྱི་གཞུང་སྒྲུབ་ཁང)རྣམ་གྲངས་ལག་བསྟར་སྡེ་ཁག་ཏུ་བསྐྱོད་དེ་བཞུགས་མོལ་བརྟག་ཞིབ་དང་ཡུལ་དངོས་སུ་ལྟ་ཞིབ་མཛུབ་ཁྲིད་བྱས།

         ཐེངས་འདིའི་ཡུལ་དངོས་སུ་ལྟ་ཞིབ་མཛུབ་ཁྲིད་བྱས་པ་བརྒྱུད་འབྲེལ་ཡོད་འགན་ཁུར་བས་བླང་བྱ་བཏོན་ཡོད་དེ། གཅིག་ནི་ཧུང་ཡོན་རྫོང་གི་རིམས་འགོག་བཀོད་འདོམས་པུའུ་ཡི་བླང་བྱ་གཞིར་བཟུང་ཞིང་། རིམས་འགོག་གི་ལས་དོན་ཡག་པོར་བསྒྲུབ་ཐུབ་པའི་ཆ་རྐྱེན་འོག རིམས་འགོག་དང་དཔལ་འབྱོར་འཛུགས་སྐྲུན་དམ་པོར་བཟུང་ནས་གོ་རིམ་ལྡན་པའི་ངང་རྣམ་གྲངས་དག་ལས་མགོ་ཚུགས་ཐུབ་པར་སྐུལ་སྤེལ་གཏོང་བ་དང་། གཉིས་ནི་2020ལོར་མ་རྩ་གཉིས་ཀྱི་རྣམ་གྲངས་དག་གི་སྔོན་འགྲོའི་ལས་དོན་མྱུར་དུ་སྤེལ་ཞིང་། རྣམ་གྲངས་ལག་བསྟར་གྱི་ཇུས་གཞི་སྔར་བས་ཞིབ་ཚགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། གསུམ་ནི་རྣམ་གྲངས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་འགན་འཁྲི་དང་དབང་ཆ་འཆམ་མཐུན་ཡོང་བ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། རྫོང་གི་མ་རྩ་གཉིས་ཀྱི་གཞུང་སྒྲུབ་ཁང་དང་རྣམ་གྲངས་ལག་བསྟར་སྡེ་ཁག་དང་མཉམ་དུ་རྣམ་གྲངས་ཀྱི་དམིགས་ཚད་དོ་དམ་དོན་འཁྱོལ་བྱས་ཏེ་རྣམ་གྲངས་ཀྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་དགོས། བཞི་ནི་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ལས་ཡུན་ལྡོག་སྒྲིག་བྱས་ཏེ་བཀལ་རིས་དམག་འཐབ་ལག་བསྟར་བྱེད་དགོས།

         ཤེས་རྟོགས་བྱུང་བ་ལྟར་ན། 2020ལོར་ཧུང་ཡོན་རྫོང་གིས་མ་རྩ་གཉིས་ཀྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1190བརྩོན་ལེན་བྱས་ཡོད་ཅིང་། དེའི་ཁྲོད་མཐའ་འཁོབ་ས་ཁུལ་ལ་མ་དངུལ་སྒོར་ཁྲི་100གཏོང་རྒྱུ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཀྱི་མ་དངུལ་སྒོར་ཁྲི་300གཏོང་བ་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་མིན་པའི་མ་དངུལ་སྒོར་ཁྲི་790གཏོང་རྒྱུ་ཡིན་ནོ།།