མེ་ཏོག་ལིའི་འདབ་བརྒྱ་ལྷུག་པོར་གྲོལ་བའི་ཆུ་ཆེན་རྫོང་།

རྩོམ་པ་པོ།   དུས་ཚོད།   2020-03-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།






 དཔྱིད་དུས་ས་བོན་བཏབ་པ་ན།། 

སྟོན་གྱི་དུས་སུ་འབྲས་བཟང་སྨིན།།

བསིལ་རླུང་འཇམ་པོའི་གྲོགས་དན་གྱིས།།

དཔྱིད་ཀྱི་སྒེག་མོ་འཛུམ་གྱིས་བསུ།།  

 སེམས་མཐུན་བུ་མོས་གཞན་ཡུལ་འགྲིམས།།

ཁམ་བུ་མེ་ཏོག་སྔར་བཞིན་མཛེས།།


 བྱིའུ་ཚོགས་ཀྱིས་ཀྱུར་ཀྱུར་མགྲིན་པའི་གླིང་བུར་བསྒྱུར།།

མེ་ཏོག་གི་ཚོགས་ཀྱིས་དགའ་བའི་སྟངས་སྟབས་ངོམ།།


 ཉིན་མོ་ལྷུག་པོར་གྲོལ་བའི་མེ་ཏོག་མིག་ལ་མཛེས།།

མཚན་མོ་ཟླ་ཟེར་ཀློང་ན་གོས་དཀར་ལུས་ལ་གྱོན།།



དཔྱིད་ཀྱི་དཔལ་ཡོན་མི་འདུག་འགྲོ་བ་དུས་ཀྱི་གཤིས།། 

ས་གཞི་འཛིན་མ་ཡི་ཁྱོན་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་བསྩལ།། 


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།