ཧུང་ཡོན་རྫོང་དུ་བཅའ་ཁྲིམས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ།

རྩོམ་པ་པོ།   འཕྲིན་སྤེལ་བ་ཏཱ་རེ་ལྷ་མོ། གསར་འགོད་པ་ཚེ་རིང་ལྷ་མོ།དུས་ཚོད།   2020-03-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་གཞོན་གཅེས་ཀྱི་སྲོལ་བཟང་ཡར་རྒྱས་སུ་གཏོང་བ་དང་།  ལོ་ལོན་རྣམས་ཀྱི་བཅའ་ཁྲིམས་འདུ་ཤེས་ལ་ཤུགས་སྣོན་པ། ཁྲིམས་མཐུན་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པར་དམིགས་ནས། ཟླ་3ཚེས་19ཉིན་གྱི་ཕྱི་དྲོར། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱི་མི་སྣ་ཧུང་ཡོན་རྫོང་རྒན་གསོ་ཁང་དུ་སོང་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས།


       ཁྲིམས་འཛིན་ཅུས་ཀྱི་མི་སྣས་རྒན་གསོ་ཁང་གི་རྒན་པ་རྣམས་ལ་རིམས་འགོག་གི་ཤེས་བྱ་དང་དྲྭ་ལམ་མགོ་སྐོར་དང་བསླུ་བྲིད་སྐོར་གྱི་རྒྱུན་ཤེས། ལོ་ན་རྒན་པའི་ཐོབ་ཐང་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཀྱི་ཤེས་བྱ་ཁ་གསལ་གོ་བདེའི་ལམ་ནས་འགྲེལ་བཤད་བྱས་པར་མ་ཟད།ལོ་ལོན་ཚོས་བཏོན་པའི་དྲི་བ་མ་ལུས་འཚོ་བ་དངོས་དང་སྦྱར་ནས་འགྲེལ་བཤད་གནད་དུ་འཐིང་བར་བྱས་སོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།