དེ་རིང་སྔ་དྲོ་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་5.9བརྒྱབ་འདུག

རྩོམ་པ་པོ།   དུས་ཚོད།   2020-03-20   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

          ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། དེ་རིང་ཞོགས་པ་སྟེ། ཟླ་3ཚེས་20ཉིན་གྱི་ཆུ་ཚོད་9དང་སྐར་མ་33ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་5.9བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་10ཟིན་པ། ས་ཡོམ་གྱི་ལྟེ་བ་བྱང་གི་འཕྲེད་ཐིག་ཏུའུ་28.63ཟིན་པ། ཤར་གྱི་གཞུང་ཐིག་ཏུའུ་87.42བཅས་རེད་འདུག   

          ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་སྙན་ཞུར་གཞིགས་ན། ཡོམ་ཁུལ་ཉེ་འཁོར་གྱི་སྤྱི་ལེ་200ཡི་ནང་ཚུན་དུ་ལོ་9ཙམ་ནང་ཚུན་དུ་ས་ཡོམ་རིམ་པ་3ཡན་ཐེངས་134བརྒྱབ་ཡོད་པ་དང་། ས་ཡོམ་ཆེ་ཤོས་ནི་2015ལོའི་ཟླ་5ཚེས་12ཉིན་ནེ་པ་ལར་བརྒྱབ་པའི་ས་ཡོམ་རིམ་པ་7.5དེ་ཡིན་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།