སྒོར་མོ་གཡོ་ལེན་བྱས་པ།

རྩོམ་པ་པོ།   དུས་ཚོད།   2020-03-20   རྩོམ་ཁུངས།    རྔ་བའི་ཁྲིམས་འཛིན་ཅུས།

        ཚན་རིག་ལག་རྩལ་གྱི་ཡར་ཐོན་གྱིས་ང་ཚོའི་འཚོ་བ་ལ་སྟབས་བདེ་བསྐྲུན་པའི་དུས་མཚུངས་སུ། མི་མངོན་རྐྱེན་ངན་ཡང་འབྱུང་གིན་ཡོད་པ་རེད། དཔེར་ན་གློག་འཕྲིན་བསླུ་བྲིད་ཀྱི་རིགས་ཇེ་མང་ནས་ཇེ་མང་དུ་སོང་སྟེ། རྒྱུན་པར་གྱི་བསླུ་བྲིད་ལས་ཀྱང་མང་དུ་ཕྱིན་ཡོད། ནག་ཉེས་མཁན་གྱིས་རྟག་ཏུ་མི་དམངས་ཀྱི་ཕན་གཉེར་གནོད་བྱོལ་གྱི་སེམས་ཁམས་རྒྱུན་ནས།  ཁ་པར་རྫུན་མ་དང་འཕྲིན་ཐུང་རྫུན་མའི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་ཆ་འཕྲིན་རྫུན་མ་བསྐུར་ནས། དུས་ཚོད་ཤིན་ཏུ་ཐུང་ཐུང་གི་ནང་བསྐུར་བའི་ཁྱབ་རྒྱ་ཆེ་ཞིང་གནོད་འཚེ་ཆེ་ལ། གྱོང་གུན་ཐེབས་པའི་རྒྱའང་ཤིན་ཏུ་ཆེན་པོར་གྱུར་ཡོད། དེའི་ཕྱིར་རྒྱལ་ཁབ་ཁྲིམས་འཛིན་ལས་ཁུངས་ཀྱིས་གློག་འཕྲིན་བསླུ་བྲིད་ལ་རྒོལ་བ་དྲག་པོ་བྱེད་ཀྱིན་ཡོད་ལ།  ང་ཚོས་ཀྱང་དོགས་ཟོན་ནན་མོ་བྱས་ཏེ། རང་གི་རྒྱུ་ནོར་བསླུ་བྲིད་འོག་གཞན་ལག་ཏུ་མི་ཤོར་བའི་ཐབས་ལ་འབད་དགོས།   

       ནག་ཉེས་མཁན་གྱིས་སྤྱི་བདེ་ཅུས་ཀྱི་ལས་དོན་མི་སྣ་སོགས་ལ་བརྫུས་ཏེ། ལག་འཁྱེར་ཁ་པར་དང་གདན་འཇོག་ཁ་པར་ལ་ཁ་པར་གཏོང་ཞིང་། ཁ་པར་ནང་དུ་རྒྱལ་ཁབ་ལས་ཁུངས་ཀྱི་ཞབས་ཞུའི་ཨང་གྲངས་དང་སྤྱིའི་ཁ་པར་ཨང་གྲངས་སོགས་ཤར་དུ་བཅུག་ནས།  གནོད་འཚེ་ཕོག་མཁན་གྱི་ཁ་པར་ནང་གི་དངུལ་ཆད་པ་དང་མི་ལུས་ཐོབ་ཐང་གཞན་གྱིས་རྐུ་འཁྱེར་བྱས་ནས་དོགས་ཡོད་ནག་ཉེས་བསགས་པ།  གནོད་འཚེ་ཕོག་མཁན་གྱི་བཅོལ་དངུལ་གཞུང་བཞེས་བཏང་བ་སོགས་ཀྱི་འཇིགས་སྣང་བསྐུལ་ནས། གནོད་འཚེ་ཕོག་མཁན་གྱི་གཏོང་སྤྲོད་བྱས་པའི་མ་དངུལ་དེ་དམིགས་འཛུགས་ཀྱི་རྩིས་ཐོ་ངོར་ལེན་ཐབས་བྱེད་ཀྱི་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།